| | e-texts navigator
|
279b1 སྤུ་དཀར་པོ་བཟུང་སྟེ་དྲངས་ནས་མཛོད་སྤུ་དཀར་པོ་དེ་ཤིན་ཏུ་མཛེས་ཤིང་དྲང་ལ་རིང་ཁྱད་མཐོ་ཕྱེད་དང་བཅོ་ལྔ་བྱུང་སྟེ། ལྷའི་རིན་པོ་ཆེ་དཀར་པོ་ལྟར་ཡོངས་སུ་དག་པ་ལ་ཕྱི
279b2 ནང་དུ་ཐལ་བྱུང་བར་སྣང་ཞིང་། མཛོད་སྤུ་ནང་ན་འོད་འབུམ་ཕྲག་བརྒྱ་སྙེད་རབ་ཏུ་མཛེས་པ་བརྗོད་པར་དཀའོ།། འོད་དེ་དག་གི་ནང་ན་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དཀའ་བ
279b3 སྤྱོད་པ་གྲངས་མེད་པ་བཞུགས་པ་འདི་དང་ཐ་མི་དད་པ་མཐོང་ཡང་། བྱང་ཆུབ་སེམས་དཔའ་ཆུང་ངུར་མ་གྱུར་ལ། མཛོད་སྤུ་དཀར་པོ་ཡང་ཆེན་པོར་མ་གྱུར་པར་མཐོང་སྟེ
279b4 ལྷོའི་བུ་དེ་དག་གིས་དེ་ལྟ་བུ་དག་མཐོང་ནས། ངོ་མཚར་རྨད་དོ་ཞེས་བསྟོད་དོ།། མཛོད་སྤུ་དཀར་པོ་ཡང་བཏང་མ་ཐག་ཏུ་ཕྱིར་ཡང་གཡས་སུ་འཁྱིལ་ནས་འོད་ཟེར་དང་བཅས་ཏེ་མི
279b5 སྣང་བར་གྱུར་ཏེ། དེའི་ཚེ་ལྷ་རྣམས་ཀྱིས་མཛོད་སྤུ་དཀར་པོ་ལ་མིཔྲ་མི་འཛུམ་པ་བརྟགས་ན། མཛོད་སྤུ་དཀར་པོ་ལས་སྦུབས་ལྔ་ཞལ་གྱི་སྒོར་ཞུགས་ཏེ། དེའི་ནང་ནས་ཟིལ་དང
279b6 རྒྱུན་མི་འཆད་པར་ཞལ་གྱི་ནང་དུ་འབབ་ཅིང་འབོ་སྟེ། སྐུ་ཀུན་ཏུ་རྒྱུ་བ་ནི། བཻ་ཌཱུཪྻའི་རི་བོ་ལྟར་ཕྱི་ནང་གསལ་བར་མཐོང་ངོ་།། བྱང་ཆུབ་སེམས་དཔའ་ཁྲི་ཕྲག་བརྒྱ་སྟོང་སྐད་ཀྱང
279b7 སྐུའི་ནང་ནས་མངོན་པར་སྣང་ངོ་།། ལྷ་རྣམས་ཀྱིས་དེ་ལྟ་བུ་དག་མཐོང་ནས། རབ་ཏུ་དགའ་བ་སྐྱེས་ཏེ་ཐལ་མོ་སྦྱར་ནས་བདག་ཅག་སྔར་ནི་གཏི་མུག་གིས་མདོངས་པས། སྐྱེས་བུ
iiif viewer powered by OpenSeadragon
279a - 280a