| | e-texts navigator
|
279a1 སེམས་དཔའ་བཞུགས་པའི་ཤིང་དྲུང་ན། གསོ་མ་དང་ཁྲེ་དང་སྐྱེས་པར་བྱས་ཀྱང་བྱང་ཆུབ་སེམས་དཔའ་མི་གསོལ་ཏེ། ལྷའི་བུ་ཐམས་ཅད་ཀྱིས་འདི་སྐད
279a2 དུ་རིགས་ཀྱི་བུ་འདི་ཞག་གྲངས་མང་དུ་ཟས་མ་ཟོས་ན། ཉམ་དང་སྟོབས་ཀྱང་འབྲི་སྟེ། ཚེའི་བར་ཆད་དུ་འགྱུར་ན། ཇི་ལྟར་བླ་ན་མེད་པའི་བྱང་ཆུབ་འགྲུབ་པར་འགྱུར་ཞེས།།
279a3 གཅིག་ལ་གཅིག་གཏམ་འཛར་ཏོ།། བྱང་ཆུབ་སེམས་དཔའ་ལ་དེའི་ཚེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དབང་པོ་ཐམས་ཅད་ཞི་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ།།
279a4 ལྷའི་བུ་རྣམས་ཀྱིས་མཆིམ་ཆར་བཞིན་དུ་གྲགས་ནས། བྱང་ཆུབ་སེམས་དཔའ་ལ་གཤོས་གསོལ་ཅིག་ཅེས་གསོལ་བ་བཏབ་པའི་ཚིག་གི་སྨྲས། སྟོང་གསུམ་གྱི་སྟོང་ཆེན
279a5 པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་གྲགས་པར་གྱུར་ཀྱང་། བྱང་ཆུབ་སེམས་དཔས་མ་ཚོར་རོ།། དེའི་ཚེ་ལྷའི་བུ་ཡིད་དུ་འོང་བ་ཞེས་བྱ་བ་ཞིག་གིས། བྱང་ཆུབ་སེམས་དཔའི་འོག
279a6 ནས་རྩཝ་སྨྲས་པ་དག་གིས་ཐལ་བྱུང་དུ་ཕུག་ནས། གྲུ་མོ་ལ་ཐུག་པར་སྐྱེས་པ་མཐོང་སྟེ། ལྷའི་བུ་རྣམས་ལ་སྨྲས་པ། རིགས་ཀྱི་བུ་འདི་ནི་ངོ་མཚར་རྨད་དུ་རུང་སྟེ། འདི་ལྟ་བུའི
279a7 དཀའ་བ་སྤྱོད་ཅིང་ཞག་གྲངས་མང་དུ་གཤོས་མ་གསོལ་ཏེ། བོས་པའི་སྒྲ་ཡང་མི་ཐོས་ལ། སྲུལ་བྷ་སྐྱེས་པ་ཡང་མ་ཚོར་རོ་ཞེས་སྤྲས་ནས། ལག་པ་གཡས་པས་མཛོད
iiif viewer powered by OpenSeadragon
278b - 279b