| | e-texts navigator
|
278a1 རྣམས་ལ་རྟོག་པར་འདོད་པ་དག། དེ་ལ་དེ་ལྟར་ལྔའོ།། གང་གིས་དེ་ལྟ་བུར་མཐོང་བ་དོན་ཡང་དགུ་པར་མཐོང་བའོ།། གང་གིས་དེ་ལྷ་མ་ཡིན་པར་མཐོང་།
278a2 བདེ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་ལྟར་ན་དཀའ་བ་སྤྱོད་པའི་ཚེའི་མཛོད་སྤུ་དཀར་པོའི་མཚན་ཞེ་ན། དེའི་ཚེ་ལོ་བྲང
278a3 ནས་བྱུང་སྟེ། ག་ཡའི་གྲོང་ཁྱེར་ནས་བཅང་མི་རིང་བ་ནུ། བྱང་ཆུབ་ཀྱི་ཤིང་ཨ་ཤོ་དའི་དྲུང་དུ་བཞུགས་པར་དགོངས་པ་ལས་ལྷའི་བུ་བཀྲ་ཤིས་དཔལ་ལ་སོགས་པ། ལྷའི
278a4 བུ་བརྒྱ་སྟོང་གི་རྣམས་འདི་སྙམ་དུ་བྱང་ཆུབ་སེམས་དཔའ་ངེས་པར་འདིར་བཞུགས་པར་དགོངས་ཏེ། གལ་ཏེ་བཞུགས་པར་གྱུར་ན། གདོན་མི་ཟ་བར་བཞུགས་པའི་གདན་དགོས
278a5 སྣམ་བསམ་ནས། བདག་ཅག་གིས་ལྷའི་རྩ་བརྔས་ཏེ། གདིང་བའི་ཕྱིར་ལྷའི་རྩ་ཡོངས་སུ་དག་པ་མཉེན་ཞིང་འཇམ་པ་བཀྲ་ཤིས་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ལ་ཕུལ་ནས
278a6 བཏིང་སྟེ་ཞུགས་སོ།། དེའི་ཚེ་ལྷའི་བུ་རྣམས་ཀྱིས། བྱང་ཆུབ་སེམས་དཔའི་སྐུའི་མཚན་ཀུན་རྟགས་ནས་ཡིད་དུ་འོང་སྟེ། གཞན་ཡང་སྨིན་མཚམས་ཀྱི་མཛོད་སྤུ་དཀར་པོ
278a7 ཟླུམ་ལ་གཡས་སུ་འཁྱིལ་པ་དེ་ལས་ཀྱང་ཁ་དོག་རྣམ་པ་མང་པོ་དང་ལྡན་པའི་འོད་རྣམས་མཚན་ཀུན་ཏུ་ཞུགས་པར་མཐོང་ངོ་།། ལྷའི་བུ་དག་མཛོད་སྤུ་དཀར་པོ་རྟོག་པའི་ཚེ། ཐམས
iiif viewer powered by OpenSeadragon
277b - 278b