e-texts navigator
Collection
Volume
Page
Wylie

277a1 དཔའ་དེ་རེ་རེ་ལ་ཡང་འཁོར་བྱང་ཆུབ་སེམས་དཔའ་ཆེན་པོ་ཚད་མེད་པ་རྣམས་ཀྱིས་བསྐོར་བར་མཐོང་ངོ་།། མཚན་འདི་བསྟན་པའི་ཚེ། ལཱུ་དང་། ཀླུ་དང་། གནོད
277a2 སྦྱིན་ལ་སོགས་པའི་ཚད་མེད་པའི་རྣམས་ནང་དུ་ཆུད་པར་གྱུར་ཏོ།། དེ་ནས་རྒྱལ་བུས་འདོད་ལྡན་ལ་བཀའ་སྩལ་པ། ཁྱོད་སོང་སྟེ་ངའི་རྟ་སྟོད་ལ་ཁྲིད་དེ་ཤོག་ཤིག་ཅེས
277a3 གསུངས་པ་དང་། དེ་ནས་འདོད་ལྡན་གྱིས་གསོལ་པ། ས་གཞི་འདི་དག་ན་གོམ་པ་འདེགས་པའི་ཚེ། ས་འདི་འགུལ་ཞིང་བགྲང་ཆེན་པོ་འམ་སེང་གེའི་སྒྲ་ལྟ་བུ་རང་བྱུང་ན
277a4 བདག་གིས་ཇི་ལྟར་རྟའི་དྲུང་དུ་མཆི་བར་བགྱི་ཞེས་གསོལ་པ་དང་། དེའི་ཚེ་རྒྱལ་བུས་མཛོད་སྤུ་དཀར་པོ་བརྐྱང་སྟེ། པདྨོ་དཀར་པོའི་འདབ་མ་ལྟ་བུ་མཚམས་འབྲེལ་བ། དཀར་ཁྱུད་རྒྱང
277a5 གངས་དང་འདྲ་བ་འདོད་ལྡན་གྱིས་མཐོང་བར་བྱས་ནས་དེ་ཉིད་ཀྱིས་སེམས་ཀྱིས་ཆུད་ཅིང་རྟོགས་པར་གྱུར་ཏོ། པདྨོའི་འདབ་མ་དེ་དག་གི་བར་ན་སྤྲུལ་པའི་བྱང་ཆུབ་སེམས་དཔའ་སྐྱིལ་མོ
277a6 ཀྲུང་བཅས་ཏེ་འདུག་པ། རྡུལ་ཤིན་ཏུ་ཕྲ་བ་སྙད་མཐོང་བར་གྱུར་ཏོ།། སྤྲུལ་པ་དེ་དག་གི་སྨིན་མཚམས་ཀྱི་མཛོད་སྤུ་ཡང་རྒྱལ་བུ་དང་འདྲ་བར་མཐོང་ངོ་།། དེའི་ཚེ་འདོད་ལྡན་གྱིས་ཕོ
277a7 བྲང་དེའི་ས་གཞི་ཀུན་ཤེས་ལྟར་ཕྱི་ནང་གསལ་ལ། རྡོ་རྗེ་ལྟར་སྲ་ཞིང་བརྟན་པར་མཐོང་ནས་རྟའི་དྲུང་དུ་སོང་སྟེ། རྟ་བསྟད་ནས་མྱུར་བའི་ཚུལ་གྱིས་ཁྲིད་དེ་འོངས་ཏེ། རྒྱལ་བུ་ལ་འདི




iiif viewer powered by OpenSeadragon

276b - 277b

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo