e-texts navigator
Collection
Volume
Page
Wylie

276b1 དེ་ལྟ་མ་ཡིན་པར་མཐོང་བ་དེ་ནི་ལོག་པར་མཐོང་བའོ།། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཡབ་ལ་བཀའ་སྩལ་པ། དེ་ལ་ཇི་ལྟར་ན་དེ་བཞིན་གཤེགས་པ་རབ་ཏུ་བྱུང་བའི་ཚེའི་མཛོད་སྤུ
276b2 དཀར་པོའི་མཚན་ཞེ་ན། ང་རབ་ཏུ་བྱུང་བ་ན། རྒྱལ་པོ་ཡབ་དང་ཡུམ་གྱི་ཕོ་བྲང་སླས་བུ་མང་པོས་བཙལ་ཞིང་བསྲུངས་ཏེ་སྒོ་གཏན་འཛུད་པ་དང་། སྒོ་འབྱེད་པའི་ཚེའང་སང་གེའི་སྒྲ་རང
276b3 འབྱུང་བར་བྱས་ནས། སྐར་ཁུང་གི་མཚམས་ན་ཡང་དྲིལ་དཔྱངས་ཏེ། གསེར་གྱི་ལུ་གུ་རྒྱུད་སྦྱངས་པས། ཀླུ་དང་། ཡི་དགས་དང་། གནོད་སྦྱིན་ཡང་ནང་དུ་མི་ཆུད་ངོ་དོ།། དེའི
276b4 ཚེའི་འཇིག་རྟེན་སྐྱོང་བ་བཞིས་སྟེང་གི་ནམ་མཁའ་ལས་རླུང་མ་ནས་འདི་སྐད་ཅེས་སྨྲས་ཏེ། སའི་ལྷ་རྒྱལ་བུ་དུས་ལ་བབ་པོ་དཀའ་བ་སྤྱོད་པའི་དུས་ལ་དབུ་སྟེ། བདག་ཅག་རྒྱལ་བུ་ལ
276b5 མཆོད་ཅིང་མཆིར་ནི་སྒྲ་གྲགས་ཀྱིས་ངོགས་ཏེ་ནང་དུ་མི་ཆུད་དོ་ཞེས་སྨྲས་སོ།། དེའི་ཚེ་རྒྱལ་བུས་ཕྱག་གིས་མཛོད་སྤུ་དཀར་པོ་བརྐྱང་སྟེ། འཇིག་རྟེན་སྐྱོང་བ་བཞི་ལ་རེག་པར་མཛད་ནས།
276b6 དེ་ལས་འོང་ཁ་དོག་སྣ་ཚོགས་པ་ལ་ལྷའི་ན་བཟའ་ལྟ་བུ་རབ་ཏུ་མཉེན་ཞིང་འཇམ་པ་ཡིད་དུ་འོང་བ། འཇིག་རྟེན་སྦྱོང་བ་བཞིས་མཐོང་བ་དང་། སེམས་རབ་ཏུ་དགའ་ཞིང་མོས་པར
276b7 གྱུར་ཏོ།། དགའ་ཞིང་མོས་པས་མཛོད་སྤུ་དེའི་ནང་ན། སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྒྱལ་བུ་དང་འདྲ་བ་དག་སྐྱིལ་མོ་ཀྲུང་བཅས་ནས་འདུག་པར་མཐོང་ངོ་།། བྱང་ཆུབ་སེམས།




iiif viewer powered by OpenSeadragon

276a - 277a

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo