e-texts navigator
Collection
Volume
Page
Wylie

261a1 ལོ་མ་དང་། མེ་ཏོག་ཀྱང་རྒྱས་ཏེ། དཔྱིད་ཀྱི་དུས་སུ་རླུང་གི་མཐུས་ཁབ་བཅུ་ནས་ཤིང་གི་སྡོང་པོ་འབའ་ཤིག་ལུས་སོ།། ཤིང་དེའི་འབྲས་བུའི་ཁ་དོག
261a2 དང་དབྱིབས་ནི་འཛམ་བུ་གླིང་ནུ་དཔེ་བྱར་མེད་དེ། འབྲས་བུ་དེའི་དབྱིབས་རྡུམ་ལ་ཆ་ཁྱུད་དཔག་ཚད་ཕྱེད་ཙམ་མོ།། དེ་དག་བྲམ་ཟེ་དག་གིས་ཟོས་ན་རིག་འཛིན་གྱི་ལམ་ཐོབ་ཅིང་མངོན་པར
261a3 ཤེས་པ་ལྔ་དང་ལྡན་ལ། ཚེ་ཡང་བསྐལ་པ་གཅིག་ཐུབ་སྟེ་དེའི་བར་དུ་མི་རྒས་མི་འཆིའོ།། འཇིག་རྟེན་པ་གཞན་དག་གིས་ཟོས་ན་རྒྱུན་ཏུ་ཞུགས་པ་ཐོབ་པར་འགྱུར་རོ།། ལན་ཅིག་ཕྱིར
261a4 མི་ལྡོག་པས་ཟོས་ན་དགྲ་བཅོམ་པར་འགྱུར་ཞིང་རིགས་པ་གསུམ་དང་མངོན་པར་ཤེས་པ་དྲུག་ཐོབ་བོ།། མི་ལ་ལ་ཞིག་གིས་འབྲས་བུ་དེ་རྙེད་དེ་འཛམ་བུ་གླིང་དུ་ལུད་ཀྱིས་བཏབ་པའི་ས་ལ
261a5 རྨོས་ན་མཐོ་ཁྱུད་ཤིང་ཏ་ལ་གཅིག་གི་སྲིད་དུ་སྐྱེའོ།། ཤིང་དེའི་མིང་ནི་ཨུ་རུལ་ཏ་ཞེས་བྱ་སྟེ། ཤིང་ཏོག་ནི་ཏ་ལིག་ཅེས་བྱའོ།། འབྲས་བུ་དེ་ཆེ་ཁྱད་བྲེ་ལྔ་ཤོང་བའི་བུམ་པ་ཙམ་མོ།།
261a6 འཛམ་བུ་གླིང་གི་མིས་ཟོས་ན་ཚ་བ་ནང་ལ་ཕན་པར་འགྱུར། རྒྱལ་པོ་ཆེན་པོ་རིགས་ཀྱི་བུ་འབྱུ།། རིགས་ཀྱི་བུ་མོ་གང་སངས་རྒྱས་ཀྱི་སྤྱོད་ཡུལ་ནང་དུ་ཡང་དག་པར་འཇོག་རྩི་བ་ཡིད་བྱས
261a7 མ་ཡང་དེ་དང་འདྲའོ།། རྒྱལ་པོ་ཆེན་པོ་གཞན་ཡང་བརྒྱ་བྱིན་གྱི་ཀུན་དགའི་རབ་ན་ཤིང་པའི་ཅི་ཐེ་ཞེས་བྱ་བ་བྱོས་ཏེ། ལྷའི་བུ་མོ་དག་གིས་མཐོང་ན་ལུས་དང་སེམས་མི་བཛད་པ་ཅམ་དུར




iiif viewer powered by OpenSeadragon

260b - 261b

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo