| | e-texts navigator
|
258a1 ཏེ་པདྨོ་དེའི་སྟེང་ན་འོད་ཀྱི་ཁང་པ་ཆེན་པོ་བརྩེགས་པ་ཆེན་པོ་གཅིག་ཡོད་པར་མཐོང་ངོ་།། ཧྲུལ་པོ་ཡབ་ཀྱིས་དེ་ལྟ་བུ་དེ་དག་མཐོང་ནས། རབ་ཏུ་དགའ
258a2 བའི་སེམས་སྐྱེས་ཏེ། ངོ་མཚུར་རྨད་དོ་ཞེས་བསྔགས་ནས། བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་རྒྱལ
258a3 པོ་ཡབ་འདུག་པ་ལས་ལངས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ནི་བདག་གི་སྲས་ལགས་ཏེ། བདག་ནི་དེ་བཞིན་གཤེགས་པའི
258a4 ཡང་ལགས་ན། བདག་གིས་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་མཐོང་བ་ན། ཕྱི་རོལ་འབའ་ཞིག་ནི་མཐོང་བྲི།། ནང་གི་དོན་ནི་མཐོང་ངོ་།། དོན་གྲུབ་ཁྱོད་ཁབ་ན་བཞུགས་པའི་ཚེ།
258a5 བྲམ་ཟེ་མཚན་མཁན་གྱིས་བལྟས་ན། མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་མཐོང་ངོ་།། ང་མངོན་པར་རྫོགས་པར་སངས་རྒྱས་ནས་འོ་ཟེར་མངོན་པར་སྣང་བ་ནི། སྔོན་པས་ཁྲི
258a6 ཕྲག་དུ་མས་འཕགས་ན། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་མ་འོངས་པའི་སེམས་ཅན་དག་ཇི་ལྟ་བུར་སངས་རྒྱས་ཀྱི་སྐུའི་གཟུགས་དང་། མཚན་དང་།
258a7 དེ་བཞིན་གཤེགས་པའི་འོད་ཟེར་རྟགས་མའི་ཚད་བརྟག་པར་བགྱི་བ་ལྷའི་མཆོག་གིས་བདག་དང་ཕྱི་མ་མ་འོངས་པའི་སེམས་ཅན་རྣམས་ཀྱི་སླད་དུ་རྣམ་པར་ཕྱེ་སྟེ་བཤད་དུ་གསོལ
iiif viewer powered by OpenSeadragon
257b - 258b