e-texts navigator
Collection
Volume
Page
Wylie

257b1 དམ་པའི་ཆོས་གླེང་བ་ལ་སྤོབས་པ་སྐྱེད་པར་འགྱུར་དུ་ངེས་ཀྱིས། ཁྱོད་སོང་ལ་དགེ་སློང་རྣམས་ཀྱང་སྦྲོན་ཅིག། བསྐྱེད་མོས་ཚལ་དུ་སོང་ལ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང
257b2 ཤཱ་རིའི་བུ་དང་། མོའུ་འགལ་ཡ་ན་དང་། ཀཏྱཱ་ཡ་ན་དང་། མ་འགགས་པ་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་བྱམས་པ་དང་། བཟང་སྐྱོང་ལ་སོགས་པ་སྐྱེས་བུ་དམ་པ
257b3 བཅུ་དྲུག་ཀྱང་། དུས་གཅིག་ཏུ་འདུས་ཤིག་པར་སྤྲོན་ཅིག་ཅེས་བཀའ་སྩལ་པའི་གསུང་དབྱངས་ཀྱིས་ཕྱོགས་བཅུ་ཀུན་ཏུ་གྲགས་པར་གྱུར་ཏོ།། དེའི་ཚེ་ལྷའི་དབང་པོ་དང་། གནོད
257b4 སྦྱིན་གྱི་དབང་པོ་དང་། དྲི་ཟའི་དབང་པོ་དང་། ལྷ་མ་ཡིན་གྱི་དབང་པོ་དང། ནམ་མཁའ་ལྡིང་གི་དབང་པོ་དང་། མཾ་འམ་ཅིའི་དབང་པོ་དདུ། ལྟོ་འཕྱེ་ཆེན་པོའི་དབང་པོ་དང
257b5 ཀླུའི་དབང་པོ་ལ་སོགས་པ་ཐམས་ཅད་འཁོར་དང་བཅས་ཏེ་འདུས་པར་གྱུར་ཏོ།། དེའི་ཚེ་རྒྱལ་པོ་ཡབ་ཀྱང་ཤཱཀྱ་མིང་ཆེན་ལ་སོགས་པ་ཤཱཀྱའི་བུ་ཁྲི་ཕྲག་སུམ་ཅུ་རྣམས་དང་འགྲོགས་ཏེ།
257b6 ལྷན་ཅིག་ཏུ་བཅོམ་ལྡན་འདས་ཀྱི་གཞལ་མེད་ཁང་དུ་ལྷགས་སོ།། དེའི་ཚེ་བཅོམ་ལྡན་འདས་ཀྱི་གཞལ་མེད་ཁང་ལ་དེ་དག་གིས་ཤེལ་གྱི་རི་བོ་དང་འདྲ་བར་མཐོང་སྟེ། མགྲིན་གཅིག་ཏུ
257b7 བཅོམ་ལྡན་འདས་ལ་སྤྱི་བོས་བཏུགས་ནས་ཕྱག་འཚལ་ཏོ།། མགོ་མ་གཏེག་པའི་བར་དུ་སངས་རྒྱས་ཀྱི་སྤྱན་སྔ་ན་རིན་པོ་ཆེ་སྣ་ལས་བྱས་པའི་པདྨོ་ཆེན་པོ་གཅིག་ཡོད་པར་གྱུར




iiif viewer powered by OpenSeadragon

257a - 258a

Texts on this page

Ty032-011 - sangs rgyas rjes su dran pa'i ting nge 'dzin gyi rgya mtsho zhes bya ba theg pa chen po'i mdo