e-texts navigator
Collection
Volume
Page
Wylie

151a1 མཚུངས་མེད་སངས་རྒྱས་འགྱུར་ཞེས་ལུང་སྟོན་ཏོ།། སྐྱེས་བུ་དམ་པ་མཆོག་གི་གསུང་ཐོས་ནས།། བདེ་གཤེགས་མཆོག་གསུང་གཞན་དུ་མི་འགྱུར་ཏེ།། བང་ག་ནི་རྒྱལ་བ་མཆོག
151a2 འགྱུར་དོགས་མེད་ཅེས།། དགའ་ཞིང་མགུ་ནས་བར་སྣང་ཀུན་ཏུ་རྒྱུ།། འཇིག་རྟེན་ལྔ་ཡི་ལྷར་གྱུར་སངས་རྒྱས་སུ།། ཁྱད་འཕགས་མཚུངས་མེད་སྦྱིན་གནས་འགྱུར་བ་དང་།། དེ་སེམས་སྤྱོད་དང་དགའ་བར
151a3 གནས་མཁྱེན་ནས།། དེ་ལ་སྟོབས་བཅུ་མངའ་བས་བཞེས་པར་འགྱུར།། བ་གཤེགས་མཆོག་གིས་གོས་ནི་བཞེས་རིག་ནས།། དེ་ནི་ཤུགས་སྐྱེས་རབ་དགའ་སེམས་མགུ་སྟེ།། མཚུངས་མེད།
151a4 འཇིག་རྟེན་མགོན་ལ་བལྟས་ནས་ནི།། འཇིག་རྟེན་སངས་རྒྱས་བདག་འགྱུར་མོས་པ་སྐྱེད།། སྐྱེ་ཤི་ཕ་རོལ་སེམས་ཅན་བསྒྲལ་བར་བྱ།། གྲོལ་ནས་སྐྱེ་བོ་མང་པོ་འདུས་བྱས་དགྲོལ། འཇིག་རྟེན
151a5 ཀུན་ན་ལོང་བའི་མག་བདག་གྱུར།། སྣང་བཐོབ་ནས་མུན་པ་རབ་རིབ་བསལ།། དེ་ལྟར་ཕན་ཡོན་དམ་པོ་འང་ཐོས་ནས།། མེ་ཏོག་ཕྲེང་བ་རྒྱལ་མཚན་གོས་མཆོག་དང་།། རོལ་མོ་སྤ་དང་གདུགས་དང་ཐུག
151a6 བདུག་གིས།། མགོན་པོ་མཆོག་ལ་སངས་རྒྱས་འགྱུར་བས་ཀྱིས།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས།། དགེ་སློང་དེ་དག་དང་། ཟོ་ཟོས་རྣམ་པར་དག་པ་ལ་སོགས་པ།
151a7 བྱང་ཆུབ་སེམས་དཔའ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དཔེག་དྲི་ཐམསས་པའི་འཇིག་རྟེན་ཡིད་རས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་ངོན་པར་བབྱེད་དོ།།




iiif viewer powered by OpenSeadragon

150b - 151b

Texts on this page

Ty032-007 - 'phags pa spyan ras gzigs zhes bya ba theg pa chen po'i mdo