| | e-texts navigator
|
150a1 ཏོག་རྙིས་པ་སུ་འཕྱག་པ།། སུམ་ཅུ་རྩ་གཉིས་མཚན་གྱིས་གོ་ཆར་འགྱུར།། མི་ཡི་འཇིག་རྟེན་ན་ནི་རྟག་ཏུ་དགའ།། མཐུ་དང་ལྡན་ཞིང་ཡིད་འོང་སྒྲ་སྐད་འབྱུང་།། མཆོད་རྟེན་མ
150a2 ཏོག་སྐྱེས་པ་སུ་འཕྱག་པ་ཆོས་མཆོག་རབ་མཛེས་ཡང་དག་སྤྱོད་བྱེད་ཅིང་།། དེ་ལུས་རྣམ་པར་དག་པ་ཆེན་པོར་འོང་།། རིང་པོར་མི་ཐོགས་འཇིག་རྟེན་སངས་རྒྱས་འགྱུར།། འཇིག་རྟེན་སངས
150a3 རྒྱས་འགྱུར་བྱར་མོས་བསྐྱེད་དདེ།། སྟོན་པའི་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ། འཇིག་རྟེན་དག་ན་བླ་མར་བཀུར་སྟི་བྱ།། དེ་ནི་མཛེས་ཤིང་བརྟན་སྡུག་པར་འགྱུར།། དེ་འདིར་རྒྱལ་སྲིད་ཐོབ་ནས
150a4 ལྷ་གླུ་མི།། ལྟོ་འཕྱེ་ཆེ་དང་འཇིག་རྟེན་ཐམས་ཅད་འདུད།། སྟོང་གི་འཇིག་རྟེན་ཁམས་ཀུན་རྒྱས་པར་འགྱུར།། དབང་ཕྱུག་ཉིད་དུ་དབང་ཐོབ་རྒྱལ་སྲིད་སྟོན།། དེ་ཡི་ཡུལ་ན་སེམས་ཅན་གང་གནས
150a5 པ། དཀུན་སངས་རྒྱས་ཡེ་ཤེས་རྫོགས་ལ་འགོད།། ད་ནི་ངན་སོངས་ཡང་རྣམ་པར་སྤོངས།། དེ་དག་རྣམས་ཀྱི་དོན་མཆོག་དམ་པ་བྱེད།། བསོད་ནམས་བློ་གྲོས་རྔམ་ལྡན་མཆོད་འོས་འགྱུར།།
150a6 ཕྱིན་ཐོབ་ནས་འཇིག་རྟེན་ཀུན་ཏུ་རྒྱུ།། དེ་ཡིག་ཡོ་འཁོར་ཡོད་འོང་སྒྲ་སྐད་ལྡན།། བསམ་པ་ཇི་བཞིན་དེང་ག་དགའ་བསྐྱེད།། སེམས་ཅན་རྣམས་ལ་མི་ལྷོད་ཞི་ཚིག་སྟོན།། དེ་ལ་སུ་ཡང་དབང
150a7 ཕྱག་མེད་མི་བྱེད།། སྐྱེ་བོ་ཚོགས་ཆེན་དག་གིས་བལྟ་འོས་འགྱུར།། དེ་ཡི་གཡོག་ཀྱང་སྒྲ་དབྱངས་ཡན་ལག་དག། སངས་རྒྱས་མཆོད་རྟེན་ཐལ་སྦྱར་ཕྱག་འཚལ་བ།། སྦྱིན་དང་སྙན་པར་སྤ་ང་དོན་སྤྱང
iiif viewer powered by OpenSeadragon
149b - 150b