e-texts navigator
Collection
Volume
Page
Wylie

149a1 ཐོག་མཐུ་ཆེམ་ལྡན་ཞིང་བལྟ་བའི་འོས་སུ་འགྱུར།། ལྷ་མོ་རྣམས་ལ་འདོད་པའི་སྲེད་མི་སྐྱེད།། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། འདི་ན་ས་ཤི་ཕོས་མི་མི
149a2 འཇིག་རྟེན་འགྲོ།། ཡན་ལག་ལེགས་གནས་ཁྱད་པར་འགྲོ་བར་འགྱུར།། ནམ་ཡང་བསྟན་བཅོས་མི་ཉུང་མང་པོ་ཐོག། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། དེ་ནི་མི་ཁོམ་བརྒྱད་པོ་ཀུན་སྤོང
149a3 ཞིང་། དེ་ནི་ངལ་འགྱུར་དེ་བཞིན་ཁྱད་པར་འཕགས།། དེ་ནི་སངས་རྒྱས་མཚུངས་མེད་མཆོད་པ་བྱེད།། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། བག་ཡོད་བློ་གྲོས་བརྟན་ལ་དཔའ་བོར་འགྱུར།
149a4 འདོད་པའི་ཡོན་ཏན་དག་ལ་དགའ་མི་སྐྱེད།། མི་དམན་སེམས་ཀྱིས་མངོན་པར་འབྱུང་བར་འགྱུར།། བཅོམ་ལྡན་མཆོད་རྟེན་བརྒྱ་བ་སལ་བྱས་ན།། དེ་ནི་ནམས་ཀྱང་བྱང་ཆུབ་སེམས་མི་འདོར།།
149a5 ཚུལ་ཁྲིམས་སྐྱོན་མེད་ཤིན་ཏུ་བསྡམས་པར་འགྱུར།། རྣམ་དག་འདོད་ཆགས་བྲལ་བའི་ཆོས་ཀྱང་ཐོག། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། དེ་ཡི་མདོག་ངན་དུས་རྣམས་ཀུན་ཏུ་སྤོང་།། འཆལ
149a6 པའི་ཤེས་རབ་མ་ལུས་རྣམ་པར་སྤོང་།། ཤེས་རབ་བརྒྱ་ཆེན་གྱུར་ནས་སྤྱོད་ལ་གནས།། བཅོམ་ལྡན་མཆོད་རྟེན་བརྒྱ་བསལ་བྱས་ན།། ཁ་ཟས་གཙང་མ་དག་ཀྱང་རྙེད་འགྱུར་ལ།། ཁྱད་འཕགས་ཁ
149a7 ཏོན་ལྡན་ཞིང་བལྟ་སྡུག་ལ།། རེ་ག་དང་ལྡན་ཞིང་རབ་མཛེས་གོས་རྣམས་ཐོག། དད་པའི་ཤུགས་བསྐྱེད་བཅོམ་ལྡན་མཆོད་རྟེན་ལ། མེ་ཏོག་སྐམ་པོ་ཉ་ལ་ཉིལ་ཕྱགས་བྱས་ན།། འདོད་པ




iiif viewer powered by OpenSeadragon

148b - 149b

Texts on this page

Ty032-007 - 'phags pa spyan ras gzigs zhes bya ba theg pa chen po'i mdo