e-texts navigator
Collection
Volume
Page
Wylie

148b1 ནག་གང་ཡིན་བདག་ཅག་ཇི་ལྟར་གནས།། འདི་ནས་ཤི་འཕོས་ཇི་ལྟར་མིར་སྐྱེ་ཞེས།། ཐོ་ལྡན་དེ་ནི་མཐོ་རིས་འདི་གནས་འགྱུར།། སངས་རྒྱས་སྦྱིན་གནས་ཟུར་དུ་མཐོང་འགྱུར་ཏེ།། མཐོང་ནས་མཆོད་ཅིང
148b2 མཚུངས་མེ་བསྟི་སྟང་བྱེད།། སངས་རྒྱས་མཐོང་ནས་བྱང་ཆུབ་མོས་སྐྱེད་ཅིང་།། རྡུལ་བྲལ་རྣམས་ལ་ཕྱིར་ཞིང་བསྟི་སྟང་བྱེད།། ཡེ་ཤེས་མཐའ་ཡས་ལྡན་དང་མཐུ་ཆེན་འགྱུར།། ཁྱད་པརས
148b3 གནས་འཕགས་པའོ་སེམས་ཅན་འགྱུར།། བཅོམ་ལྡན་འདས་ལ་དང་བའི་སེམས་བསྐྱེད་ནས།། འདི་འདྲའི་དཔལ་འདི་ཕྱིར་ཞིང་མྱོང་བར་འགྱུར།། ང་ཡི་བྱ་བའི་དེ་ནི་བརྗོད་པར་བྱ།། ངས
148b4 བརྗོད་འདི་ལ་ཐེ་ཙོམ་མ་སྐྱེད་ཅིག། སངས་རྒྱས་དཀའ་སྤངས་མནར་མེར་འགྲོར་འགྱུར་ཞིང་།། ཕྱིན་ཆད་སྡུག་བསྔལ་ཉོན་མོངས་གྱུར་ཏ་རེ།། འཇིག་རྟེན་སྔོན་མ་མཚུངས་མེད་བསོད་ནམས
148b5 ཞིང་དེ་ཡི་མཆོད་རྟེན་བརྒྱ་སུ་སེལ་བ།། བག་ཡོད་གྱུར་ནས་དེ་ནི་བདུད་བརྒྱ་འདྲལ།། དུས་རྣམས་ཀུན་ཏུ་ངན་སོང་ས་ཡང་སྤོང་།། རྟག་ཏུ་སངས་རྒྱས་རྡུལ་བྲལ་བ་སྟི་སྟང་བྱེད།། རྟག་ཏུ་སྟོབས
148b6 ལྡན་འཁོར་ལོ་སྦྱར་བར་འགྱུར།། མི་ཡིའི་འཇིག་རྟེན་སྐྱེས་ན་བསོད་ནམས་ལྡན།། རྒྱལ་པོ་ཀུན་གྱིས་མཆོད་པའི་གནས་སུ་འགྱུར།། ལྷ་ནང་ལྷ་ཡི་དབང་པོ་མཆོད་གནས་འགྱུར།། དེར་ནི་མྱུར
148b7 དུལྷ་ཡི་ཚེ་ཡང་ཐོབ།། དཔལ་ལྡན་གསེར་གྱི་གཞལ་མེད་ཁང་པ་རྙེད།། ལྷ་ཡི་བདེ་བ་མཚུངས་མེད་དབང་ཕྱུག་ཉིད།། གཟུགས་དང་སྒྲ་དང་དྲི་རབ་རོ་མཆོག་དང་།། རེག་བྱ་དཔའ་ལྡན་ལྷ་ཡི་འཇིག་རྟེན




iiif viewer powered by OpenSeadragon

148a - 149a

Texts on this page

Ty032-007 - 'phags pa spyan ras gzigs zhes bya ba theg pa chen po'i mdo