| | e-texts navigator
|
148a1 དེ་ནི་ངན་སོངས་རྣམས་མ་ལུས་སྤོང་།། དེ་བཞིན་གཤེགས་དང་ཉེ་བར་ཐོབ་པར་འགྱུར།། དདང་ཐོབཅིང་རྟག་ཏུ་བདེ་ལ་དགའ།། རྒྱལ་བའི་མཆོད་རྟེན་སྤོས་ཕྱ་ག་ཇལ།
148a2 བྱས་ན།། རྒྱལ་པོ་སྟོབས་ལྡན་འཁོར་ལོས་སྒྱུར་བར་འགྱུར།། བློན་པོ་ཚོང་དཔོན་ཁྱིམ་བདག་བསོད་ནམས་ལྡན།། ཆོས་རྗེ་འོད་མཛད་སངས་རྒྱས་སུ་ཡང་འགྱུར།། དགའ་བའི་སེམས་ཀྱིས་མགུ
148a3 བའི་ཤུགས་བསྐྱེད་ད་།། བཅོམ་ལྡན་མཆོད་རྟེན་ནོར་བུའི་དྲ་བ་འཕྲུལ།། དེ་ནི་རྒྱལ་པོ་མཚན་གྱི་གོ་ཆ་ཅན།། མཐུ་ཆེ་བླ་མ་འཁོར་ལོས་སྒྱུར་བར་འགྱུར། བལྟ་འོས་མཚན་གྱི་གོ་ཆ་ལྡན་གྱུར་ན།
148a4 གཞལ་མེད་ཁང་ཆེན་རབ་མཛེས་བལྟ་སྡུག་པ།། ཁ་དོག་སྣ་ཚོགས་དཔག་མེད་ལྡན་པ་དང་།། རིན་ཆེ་མཁང་བཟངས་ཆེ་འོས་དག་པ་ཐོག། རྒྱལ་པོའི་ཕོ་བྲང་ཁྱད་པར་འཕགས་གྱུར་པ།། སྐྱེས
148a5 པ་བུད་མེ་དེ་དག་གིས་གང་བ་དང་།། མཉམ་ཞིང་ལེགས་བྱས་རབ་མཛེས་བལྟ་སྡུག་པ།། དྲ་བས་སྣ་ཚོགས་བདེ་བྱེད་དེ་འཇུག་ཐོག། རྒྱལ་མཚན་བ་དན་གསལ་བས་མཛེས་བྱས་ཤིང་།། གདུགས།
148a6 བྲེས་ཤིན་ཏུ་མཛེས་ལ་བལྟ་སྡུག་དང་། མུ་ཏིག་དྲ་བ་ཕྲེང་བ་དེ་འདྲ་བའི།། རྒྱལ་སྲིད་ཡོན་ཏན་ཁྱད་འཕགས་གཞན་ཡང་ཐོག། དེ་ཡི་ཡུལ་ན་གཞན་ནོར་འཇིག་བྱེད་པ།། ཆོམ་རྐུན
148a7 གཡོ་ལྡན་གཡོ་ཅན་གནས་མི་འགྱུར།། སེམས་ཅན་རྒྱ་ཆེ་བློ་མཆོག་ལྡན་པ་དང་།། ཕན་བྱེད་བྱམས་སེམས་ལྡན་པ་དེ་ན་གནས།། ཤི་འཕོས་བག་ཡོད་དེ་ནི་ལྷར་འགྲོ་སྟེ།། དཀར
iiif viewer powered by OpenSeadragon
147b - 148b