| | e-texts navigator
|
147b1 མཐང་ནི་ཕྱིར་མི་འགྱུར།། གང་དག་ནས་རྟུལ་པའི་ཆོས་འཛིན་ག།། སངས་རྒྱས་རྩེག་ཟག་ཐོག་བརྒྱམ་པར་ལས།། བསྐལ་པ་བྱེ་བར་བ་ཞུགས་ཏི་དག་གིས། བསྔགས་པ་བརྗོ་མཐའ་མ་ཚུ།
147b2 མི་ནུས།། བྲི་ཞིམ་ཡིད་འོང་ཐོས་ཀྱིས་ཆོ་ག་བཞིན།། སངས་རྒྱས་མཆོད་རྟེན་ལ་ནི་སུ་སྐུ་དང་།། དོན་ཐོ་རྙེད་འཇིག་རྟེན་ཀུན་ཏུ་རྒྱུ།། དེ་ནི་ས་འདིར་སྙིང་པོ་བླངས་པརར་གྱུར། རྒྱལ་བའི་མ
147b3 ཆེན་སྤོས་བྱུག་ཕུལ་བྱས་ན།། བཅོམ་ལྡན་འདས་ཀྱི་བསྟན་པ་འཇིག་འགྱུར་རོ།། འཛམ་བུའི་གླིང་དུ་སྐྱེ་བར་མི་འགྱུར་ཞིང་།། དེ་ནི་དེ་ཚེ་མཐོ་རིས་བདག་པོར་འགྱུར།། རྒྱལ་བའི་མཆོད་རྟེན་སྤོས་དྲུག
147b4 ཕུལ་བྱས་ན།། དྲི་མི་ཞིམ་དང་མི་གཙང་སྤྲད་པ་རྣམས།། རྟག་ཏུ་སྤོང་ཞིང་ཚུལ་ཁྲིམས་ཕུང་པོར་གནས།། དེ་ནི་རྟག་ཏུ་ཚངས་སྤྱོད་མཆོག་འདིར་སྤྱོད།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་དུ
147b5 བྱས་ན།། འདི་ནས་ཤིའི་ཕོས་མཐོ་རིས་ལྷ་དབང་འགྱུར།། རིང་པོར་མི་ཐོགས་དོན་སྟོང་རྣམས་ལ་རྟོག། ལྷ་རྣམས་ལ་ནི་རྒྱ་ཆེན་དོན་ཀྱང་བྱེད།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ
147b6 བྱས་ན།། གང་གི་ཚེ་ན་མི་ཡི་འཇིག་རྟེན་ན།། ཞེ་སྡང་མེད་སེམས་འཇམ་ཞིང་མཉེན་འགྱུར་པ།། དེ་ཚེ་དེ་ན་འཛམ་བུའི་གློང་དུ་གནས།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།།
147b7 ཁྱད་འཕགས་ཚིག་ལྡན་སྒྲ་དབྱངས་ཡིད་འོང་འགྱུར།། སྐྱེ་བོ་མང་པོ་ཡི་འོང་དགའ་ཞིང་བཀུར།། དེ་ཡི་ཁ་བཞིན་རྟག་ཏུ་གསལ་བར་འགྱུར།། རྒྱལ་བའི་མཆོད་རྟེན་སྤོས་བྱུག་ཕུལ་བྱས་ན།།
iiif viewer powered by OpenSeadragon
147a - 148a