| | e-texts navigator
|
147a1 རྟེན་རྩཝ་སྐྱེས་སེལ།། དེ་ཡི་ཕན་ཡོན་དེ་དག་ངས་བཤད་ཀྱིས།། ཐང་དྲི་སོལ་དང་བའི་སེམས་ཀྱིས་ཅོམ།། མཐུ་ཆེན་སྐྱེས་བུ་དམ་པ་ཁྱད་འཕགས་པ།། རྒྱལ་བ་དམ་པ་མ་འོངས
147a2 དུས་ན་མཐོང་།། དེ་དག་མཆོད་པ་དམ་པ་མཆོག་གིས་མཆོད།། དེ་ནི་གཞའ་གསང་དད་པ་དམ་འཐོག། སངས་རྒྱས་སྟོབས་བཅུ་དེ་དཔོན་ངེས་མཐོང་ནས།། འདྲེན་པ་མཚུངས་པ་མེད་པ་མཆོད་པ་བྱེ་བ
147a3 མཚན་གྱིས་གོ་ཆར་བྱས་པའི་སངས་རྒྱས་སུ།། འགྱུར་ཞེས་ཐུགས་དགྱེས་དེ་དག་ལུང་ཡང་སྟོན།། གྲོང་ཁྱེར་ཡངས་པ་ཉམས་དགའ་མཆོག་གནས་ཤིང་།། ང་ནི་ཆོས་སྟོན་གང་གིས་མཐོང་གྱུར་པ།།
147a4 དེ་དག་ཕྱི་དུས་རབ་ཏུ་འཇིགས་པའི་ཚེ།། རྒྱལ་མཆོག་མྱ་ངན་འདས་པའི་ཆོས་འཛིན་འགྱུར།། མཆོད་རྟེན་རྫ་སྐྱེས་སེལ་བར་བྱེད་པ་ནི།། རྒྱལ་བ་དམ་པ་མི་ཐུལ་མཐོང་འདོད་པའི།། རྒྱུ་དང་ས་བོན་འགྱུ
147a5 བབ་འདི་ཡིན་ནོ།། འདོད་དང་དམྱལ་དང་དུད་འགྲོའོ་སྐྱེ་གནས་སྤོང་།། བྱང་ཆུབ་སེམས་དཔའ་གང་གིས་མདོ་མཆོག་འདི།། ཕྱི་མ་རབ་འཇིག་དུས་ན་འཛིན་བྱེད་པ།། དེ་ནི་འཇིག་རྟེན་སངས་རྒྱས་ལྷ་ཡིན།། །
147a6 བསོད་ནམས་ཁྱད་འཕགས་མཚུངས་མེད་ཞིང་དུ་འགྱུར།། འདིབ་ཤར་ཚེན་གང་དག་འདིར་མཆོད་དང་།། ཚུལ་འདི་བ་ཤད་པ་གང་དག་ཐོས་པ་དང་།། གང་དག་མདོ་མཆོག་འདི་ནི་འདིར་བཟུང་ག
147a7 དེ་དག་ཕྱི་མའི་དུས་ན་འདིར་འདི་འཛིན།། གང་དག་ཕྱིན་ཆད་མདོ་མཆོག་འདི་འཛིན་པ།། དེ་དག་རྟག་ཏུང་དང་འཐུན་པའི་སྲས།། སངས་རྒྱས་བྱེ་བས་དེ་དག་བསྔགས་བརྗོད་ཀྱང་།། དེ་དག་བསྔགས་པ
iiif viewer powered by OpenSeadragon
146b - 147b