e-texts navigator
Collection
Volume
Page
Wylie

145b1 པའི་གཟུགས་དང་སེམས་འདྲ་དང་།། འཛམ་གླིང་གསེར་ལྟར་རབ་མཛེས་ལྡན་སྡུག་པ་མཚན་གྱིས་མེ་ཏོག་རྒྱས་པས་མངོན་ཏུ་གང་།། མངོན་པར་ཤེས་པ་ཐོབ་ཙོང་དབང་ཆེར་ཟགས།། བྱང་ཆུབ་སྤྱོང
145b2 མཆོག་དམ་པའི་བསྤྱོད།། དེ་ནི་ནམས་ཀྱང་ལོངས་སྤྱོད་འགྲིབ་མི་འགྱུར།། ལྷས་ཀྱང་བསྟི་སྣང་བྱ་ཞིང་མཆོད་པར་འོང་།། བརྟན་པ་འདོད་པའི་ལོངས་སྤྱོད་གཞར་མི་དཀའ།། རྒྱལ་ཐམས་རྣམངས
145b3 རབ་མཁས་ཚངས་པར་སྤྱོད།། ཡིད་མ་བཅས་ནས་ནགས་དང་ན་གས་འདབ་སོང་།། མངོན་ཤེས་ཐོབ་ཅིང་ཁྱད་པར་ཐོབ་པར་འགྱུར།། བཅོམ་ལྡན་མཆོད་རྟེན་རྣམས་ལ་གདུགས་འདུལ་ག། ཇི
145b4 ལྟ་བུར་ཡང་བྱང་ཆུབ་སེམས་མི་འདོར།། བྱམས་ལ་གནས་ཤིང་མི་དམན་སེམས་སུ་འགྱུར།། དེ་ཡི་ཤེས་པ་རྣམས་ཀྱང་ཉམས་པ་མེད།། རོལ་མོའོ་སྒྲ་ཡིས་མི་མཆོག་མཆོ་དབུས་ན།།
145b5 མྱ་ངན་མེད་ཅིང་དབང་ལྡན་རྒྱལ་པོར་འོང་།། མི་ཡི་འཇིག་རྟེན་ཡིད་འོང་སྒྲ་ལྡན་འགྱུར།། དེ་སྒྲ་ཡན་ལག་ཚང་ཞིང་དག་པར་འོང་།། བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན།། ཤེས་བཞིན་ལྡན
145b6 ཞིང་མིག་ནི་རྣམ་དག་འགྱུར།། རྣ་བ་རྣམ་པར་དག་ཅིང་སེམས་ཀྱང་དགའ།། སྣ་ཡི་དབང་པོ་མཆོག་དང་ལྡན་པར་འགྱུར།། དེ་ཡི་ལྕེ་ནི་རབ་མཛེས་བལྟ་ན་སྡུག། ཐོབ་མར་རབ་མཉེན་མཛེས་ཤིང
145b7 སྒྲ་ཡིད་འོང་།། དཔེར་མ་ལྷ་ཡིས་རིན་ཆེན་བུ་རུ་འདྲ།། སྒྲ་སྐད་ཡན་ལག་བྱེ་བ་དཔག་མེད་འབྱིན།། བཅོམ་ལྡན་མཆོད་རྟེན་རོལ་མོའི་སྒྲ་བྱས་ན།། ནམས་ཀྱང་སྦྲུལ་དུ་མི་འགྱུར་ཁྲི་མེད




iiif viewer powered by OpenSeadragon

145a - 146a

Texts on this page

Ty032-007 - 'phags pa spyan ras gzigs zhes bya ba theg pa chen po'i mdo