| | e-texts navigator
|
145a1 ཕྱོགས་དང་ཕྱོགས་མཚམས་ཅད་ནི་ཤེས་པར་རུས་ཀ་ནམ་མཁའི་ཁམས་འདིའི་ཚད་ཀྱང་ཤེས་པར་ནུས།། སངས་རྒྱས་མཆོད་རྟེན་མར་མེ་གཅིག་ཕུལ་བའི།། དེ་འཇའི
145a2 དཔལ་རེ་ཟད་པར་བྱ་མི་རུས།། སངས་རྒྱས་དམ་པ་མི་མཆོ་བཞུད་པའི་ཚེ།། འདྲེན་པ་མཚུངས་པ་མེད་ལ་དད་བྱས་ཏེ།། སྟོན་པའི་སྐུལ་ཉེ་ཟེར་མི་འབབ་པར། མེ་ཏོག་མ་ལི་ཀ་བ་དུགས་བཅོམ་ལྡན་ཕུལ།
145a3 དེས་ནི་ལས་མཛེས་དམ་པ་གུས་བྱས་པས།། ལྷ་དབང་བརྒྱ་བྱིན་དུ་ནི་ལན་འབུམ་གྱུར།། འཇིག་རྟེན་ཀུན་ཏུ་ཚངས་པའི་དག་པོར་གྱུར།། རྒྱལ་བའི་མཆོད་རྟེན་ལ་ནི་འབུམ་ཕུལ་ནས།། འཁོར་ལོས་སྒྱུར་བའི།།
145a4 རྒྱལ་པོ་སྟོབས་ལྡན་གྱུར།། སྟོང་ཕྲག་བཅུ་ལ་དབང་བར་གྱུར་ཏེ།། ནོར་ཆེན་རབ་ཏུ་མཛོད་མང་ཚོང་དཔོན་གྱུར།། ཁྱིམ་བདག་བློ་ལྡན་བསོད་ནམས་ལྡན་པར་གྱུར།། བདེ་གཤེགས་མི་མཆོག་བྱེ་བ་ཉི
145a5 ཤུད་དག། ངས་ནི་མཉེས་བྱས་གཟིམས་ཆན་བཟའ་ཡིས།། མོ་མཆོག་དག་ལ་བླ་མར་བསྟི་སྟང་བྱས།། དེ་དག་གཙུག་ལག་ཁང་ལ་སྤོས་ཀྱིས་བསྐུས།། ང་ཡི་ཁ་དོག་ངན་པ་ཀུན་མེད་གྱུར།། ངས
145a6 ནི་ཆ་དང་གྲང་དང་ངལ་བ་སྤངས།། སངས་རྒྱས་སྤྱན་སྔར་དམན་མེད་སེམས་གྱུར་ཅིང་།། དེ་དག་མཆོད་པ་དམ་པ་མཆོག་གིས་མཆོད།། རྒྱན་གྱིས་བརྒྱན་པའི་གདུགས་མཛེས་བལྟ་སྡུག་པ།
145a7 སུ་ཞིག་བཅོམ་ལྡན་མཆོད་རྟེན་འབུལ་བྱེད་པ།། དེ་འདིར་ལུས་ནི་མཚུངས་པ་མེད་འགྱུར་ཏེ།། སུམ་ཅུ་རྩ་གཉིས་མཚན་གྱིས་གོ་ཆར་འགྱུར།། གང་གིས་རྒྱལ་བའི་སྐུ་ནི་རབ་འབར་ཞིང་།། ཁྱད་པར་འཕགས
iiif viewer powered by OpenSeadragon
144b - 145b