| | e-texts navigator
|
135a1 ཀླུའམ། གནོད་སྦྱིན་ནམ། དྲི་ཟའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མིའམ་ཅིའམ། ལྟོ་ཕྱེད་ཆེན་པོའམ། མི་འམ། མི་མ་ཡིན་པ་སེམ།
135a2 ཅན་གྱི་གྲངས་སུ་མ་གཏོགས་པ་ཤིང་ངམ། རིའམ། ཁུང་བུ་འམ། བུ་ག་འམ། བྱ་སྐྱིབས་ཀྱང་རུང་སྟེ། དེ་བཞིན་གཤེགས་པ་ག་ལ་བ་དེ་ལོགས་སུ་འདུད་པ་དང་། རབ་ཏུ་འདུད་པ་དང་།
135a3 ཀུན་ཏུ་འདུད་མྱི་བྱེད་པ་དེ་གང་ཡང་མེད་དེ། ཇི་ལྟར་དེ་བཞིན་གཤེགས་པ་དགེ་བའི་རྩ་བ་ཐམ་ཅད་དང་ལྡན་པ་ལ་བྱེད་པ་དེ་བཞིན་དུ། རིགས་ཀྱི་བུ་དེ་དག་གྲོང་ངམ། གྲོང་ཁྱེར་རམ། གྲོང་བརྡ
135a4 ལམ་ཡུལ་འཁོར་རམ། ཕོ་ཟང་འཁོར་ན་རྒྱུ་བ་ལ། སེམས་ཅན་རྣམས་འདུད། རབ་ཏུ་འདུད། ཀུན་ཏུ་འདུད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས
135a5 ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། འཇུག་རྟེན་སངས་རྒྱས་ཇི་ལྟར་འགྱུར་ཞེས་མོས་བསྐྱེད་དེ།། སངས་རྒྱས་མཆོད་རྟེན་ལ་ནི་པུས་མོ་གཉིས་འཛུགས་དང་།
135a6 ཞིག་བྱང་ཆུབ་གཞོལ་ནས་ཕྱོགས་རྣམས་ཀུན་འགྲོ་བ།། དེ་འགྲོ་ཆེན་འཇིག་རྟེན་གསུམ་པོ་འདུད་པ་བྱེད།། མི་རྣམས་གཙོ་བོ་རང་འབྱུང་གང་དུ་འགྲོ་བྱེད་པ།། དེ་ལོགས་སུ་ནི་རྩཝ་དང་ཤིང
135a7 དང་སྡོང་ལྕུག་དང་།། སྨན་དང་ཤིང་ལོ་རྣམས་དང་འབྲས་བུ་འདབ་མ་དང་།། ཡིད་འོང་དྲི་ལྡན་མེ་ཏོག་རྣམས་ནི་འདུད་པར་འགྱུར།། བཅོམ་ལྡན་དདས་མཆོད་རྟེན་རྣམས་ལ་པུས་མོ་ཙུགས
iiif viewer powered by OpenSeadragon
134b - 135b