| | e-texts navigator
|
134b1 པར་དག་པ། བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་གང་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་མཐོང་ནས་དང་པ་བསྐྱེད་དེ།། པུས་མོ་གཉིས་ཀའི་ལྡངས་ལ་བཙུ།
134b2 ནས་ཕྱག་འཚལ་ཞིང་ཕྱག་བྱེད་དེ།། དེ་བཞིན་གཤེགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་སྐུ་ལེགས་པར་བརྒྱན་པ་དེ་ཁྲི་འདྲ་བར་བདག་གི་ལུས་ཀྱང་དེ་དང་འདྲ་བར་གྱུར་ཅིག
134b3 ཅེས་དེ་ལ་མོས་པ་བསྐྱེད་ན།། བློ་གྲོས་རྣམ་པར་དག་པ་བསོད་ནམས་ཀྱི་ཕུང་པོ་དེའི་མཐའ་བརྗོད་པར་མི་ནུས་ཏེ། བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་གནས་པའི་ཕྱིར་རོ།།
134b4 བསོད་ནམས་ཀྱི་ཕུང་པོ་དེ་ནི་རྒྱལ་པོ་ཉིད་དམ། བརྒྱ་བྱིན་ཉིད་དམ། ཚངས་པ་ཉིད་དམ། རང་སངས་རྒྱས་ཉིད་དམ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཐེག་པ་བླ་ན་མེད་པས་ཀྱང་ཟད་པར
134b5 བྱ་བར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པརིགས་ཀྱི་བུ་དེས་བསོད་རྣམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བཟུང་བའི་ཕྱིར་རོ།། བློ་གྲོས་རྣམ་པར་དག
134b6 པ་འདི་ལྟ་སྟེ་དཔེར་ན། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ། གྲོང་ཁྱེར་རམ། གཙུག་ལག་ཁང་ངམ། གྲོང་དུ
134b7 འཇུག་ཀྱང་རུང་། འཆག་ཀྱང་རུང་། འགྲེང་ཡང་རུང་། འདུག་ཀྱང་རུང་། ཆོས་སྟོན་ཀྱང་རུང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་ལྷ་འམ།
iiif viewer powered by OpenSeadragon
134a - 135a