| | e-texts navigator
|
134a1 འགྱུར།། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།། མི་གང་བསྐོར་བ་བྱེད་པ་ཡི།། བསྔགས་པ་བསྐལ་པ་བྱེ་བར་ཡང་།། བརྗོད་པས་ཟད་པར་བྱ་མི་ནུས།། སུ་ཞིག་བྱང་ཆུབ
134a2 སེམས་བསྐྱེད་ནས།། སྟོན་པའི་མཆོད་རྟེན་ཕྱག་འཚལ་བ།། དེ་ནི་བསྐལ་པ་བྱེ་བར་ཡང།། ནམས་ཀྱང་ལོང་ཞིང་འཐེར་མི་འགྱུར།། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།། མངོན་དུ་བསྐོར་བ་བྱེད་པ་ནི།།
134a3 བུང་བ་སྔོན་པོ་མཛེས་འདྲ་ཡི།། རྣམ་པར་དག་པའི་མིག་ཐོབ་འགྱུར།། མཆོད་རྟེན་བསྐོར་བ་བྱས་ན་ནི།། དེ་ནི་ངེས་པར་རྟག་ཏུ་ཡང་།། འཐུན་པའི་དོན་ཀུན་ཐོས་འགྱུར་ཞིང་།། དོན་མིན་རྣམས་ན
134a4 སྤངས་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་ན་ནི།། མཐུ་དང་སྟོབས་དང་ལྡན་པར་འགྱུར།། དེ་ནི་ལེ་ལོ་མེད་འགྱུར་ཞིང་།། རྟག་ཏུ་བག་ཡོད་ལྡན་པར་འགྱུར།། མཆོད་རྟེན་བསྐོར་བ་བྱས་ན་ནི།། བརྩོན
134a5 འགྲུས་བརྟེན་ཞིང་མཐུ་བརྟན་ལ།། བརྟན་ཞིང་རྣམ་པར་གནོན་བརྟན་དང་།། དེ་ནི་མྱུར་དུ་མཁས་པར་འགྱུར།། མེ་དང་དུག་དང་མཚོན་གྱིས་དེ།། ནམས་ཀྱང་འཆི་དུས་བྱེད་མི་འགྱུར།། མཁས་པ་ཚེ་ནི
134a6 རྫོགས་རྫོགས་སུ།། ཟད་པར་བྱས་ནས་འཆི་དུས་བྱེད།། མཆོད་རྟེན་བསྐོར་བ་བྱས་ན་ནི།། ཕོ་བྲང་འཁོར་དང་ཡུལ་འཁོར་དང་།། གྲོང་བརྡལ་རྣམས་སུ་ལོངས་སྤྱོད་ངབ།། གཟུགས་ཀྱི་ཁྱད་པར
134a7 འཕགས་པར་འགྱུར།། བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ།། དེ་ནི་འདོད་པ་མི་བསྟེན་ཅིང་།། ལུས་ཀྱང་གཙང་ལ་གོས་གཙང་ཞིང་།། གཙང་མའི་ཆོས་ལ་གནས་པར་འགྱུར།། བློ་གྲོས་རྣམ
iiif viewer powered by OpenSeadragon
133b - 134b