e-texts navigator
Collection
Volume
Page
Wylie

133a1 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པར་ར་འགྱུར་པ་སྟེ། བློ་གྲོས་རྣམ་པར་དག་པ། བྱང་ཆུབ་སེམས
133a2 དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། བདུད་དམ་བདུད་ཀྱི་རིས་ཀྱི་ལྷའི་བུ་རྣམས་ཀྱིས་མི་བརྫི་བར་འགྱུར་རོ།། དེ་ནས་བཅོམ་ལྡམ་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅས་པ་འདི
133a3 དག་བཀའ་སྩལ་ཏོ།། སྲོག་ཆགས་ཀུན་ལ་ཕན་པའི་ཕྱིར།། བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས།། འཇིག་རྟེན་མགོན་གྱི་མཆོད་རྟེན་ལ།། སུ་ཞིག་བསྐོར་བ་བྱེད་པ་ནི།། ཚེ་རབས་དག་ནི་ཐམས་ཅད
133a4 དུ་བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ།། དྲན་དང་ལྡན་ཞིང་བློ་གྲོས་ལྡན།། བསོད་ནམས་ལྡན་ཞིང་འཇིགས་མེད་འགྱུར།། མཆོད་རྟེན་བསྐོར་བ་བྱས་ན་ནི།། ཚེ་རབས་དག་ནི་ཐམས་ཅད་དུ། ལྷ་དང
133a5 ཀླུ་དང་གནོད་སྦྱིན་དང་། སྲིན་པོ་རྣམས་ཀྱི་ས་མཆོད་པར་འགྱུར།། ངས་ནི་གང་དག་བསྟན་པ་ཡིན།། མི་ཁོ་མ་བརྒྱད་པོ་དེ་དག་སྤོང་།། སངས་རྒྱས་འབྱུང་བ་རང་མཛེས་པ།། མཉེས་པར་བྱེད་འདི
133a6 དལ་བ་གཅིག། མདོག་ལྡན་གཟུགས་ནི་ཕུན་སུམ་ཚོགས།། མཚན་གྱིས་ལེགས་པར་བརྒྱན་པ་དང་། མཐུ་དང་སྟོབས་དང་ལྡན་པར་འགྱུར།། ལེ་ལོ་ཅན་དུ་དེ་མ་འགྱུར།། དེ་ནི་ཕྱུག་ཅིང་ནོར
133a7 ཆེར་འགྱུར།། བསོད་ནམས་ལྡན་ཞིང་བརྫི་བ་མེད།། འཇིག་རྟེན་སྒྲོན་མ་མཉེས་བྱས་ནས། ཡང་དང་ཡང་དུ་བསྟི་སྟང་བྱེད།། བདག་མེད་སྟོང་པའི་ཆོས་ཐོས་ན།། དེ་ནི་ཆོས་ལ་རྨོངས་མི་འགྱུར




iiif viewer powered by OpenSeadragon

132b - 133b

Texts on this page

Ty032-007 - 'phags pa spyan ras gzigs zhes bya ba theg pa chen po'i mdo