e-texts navigator
Collection
Volume
Page
Wylie

132a1 གོ། བློ་ཟོས་རྣམ་པར་དག་པ། དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་དག་པ་ལ་སུ་ཞིག་མེ་ཏོག་དང་། འཕྲེང་བ་དང་། སྤོས་དང་། གདུགས་དང་། རྒྱལ་མཚན་དང་།
132a2 བདན་དང་། རོལ་མོའི་སྒྲ་དང་། བྱུག་པ་རྣམས་ཀྱིས་བསྟི་སྟང་དུ་བྱེད་པ་དེའི་བསོད་ནམས་ཀྱི་ཕུང་པོའི་མཐའ་རྟོགས་པར་མི་ནུས་ཏེ། དེའི་མཐའ་ནི་ཐེག་པ་གསུམ་ལ། ཐེག་པ་གང་ཡང
132a3 རུང་བས་མྱ་ངན་ལས་འདས་པའི་མཐར་ཐུགས་པ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོ་དེ་ཕྱི་མའི་མཐའ་ཡང་ཟད་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྣམ་པར་དག་པ་ཇི་ལྟར
132a4 དེ་བཞིན་གཤེགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱིས་ཚད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡོན་ཕུལ་བ་ཡང་ཚད་མེད་དོ།། མཐའ་ཡས་སོ།། བསམ་གྱིས་མི་ཁྱབ་བོ།།
132a5 མཚུངས་པ་མེད་དོ།། དཔག་ཏུ་མེད་དོ།། གྲངས་མེད་དོ།། དཔག་གིས་མི་ལང་ངོ་།། བརྗོད་དུ་མེད་དོ།། བློ་གྲོས་རྣམ་པར་དག་པ་སུ་ཞིག། དེ་བཞིན་གཤེགས་པ་དེ་ལྟར
132a6 བཞུགས་ཏེ། མཚོ་ཞིང་གཞེས་པ་ལ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་། ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ལ་སུ་ཞིག།
132a7 དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་པོ་སྲེལ་ཡུངས་འབྲུ་ཙམ་ལ་བསྟི་སྟང་བྱེད་པ་དང་། བླ་མར་བྱེད་པ་དང་། རི་མོར་བྱེད་པ་དང་། མཆོད་པ་དང་། རྗེད་པ་དང་།




iiif viewer powered by OpenSeadragon

131b - 132b

Texts on this page

Ty032-007 - 'phags pa spyan ras gzigs zhes bya ba theg pa chen po'i mdo