e-texts navigator
Collection
Volume
Page
Wylie

352a1 བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ནི། སེམས་ཅན་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ཀྱི་རྣ་ལམ་དུ་གྲགས་པར་ཡང་མི་འགྱུར་ན། གང་དག་ཡི་གེར་དྲི་བ་དང་།
352a2 ཡི་གེར་འདྲིར་སྩོལ་བ་དང་། འཛིན་པ་དང་པ་ཁ་དོན་བགྱིད་པ་དང་། མེ་ཏོག་དང་། གདུགས་པ་དང་། སྤོས་རྣམས་ཀྱིས་མཆོད་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་འཚལ། དེ་ནས
352a3 བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་དགའ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་གང་དག་གིས་སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱས
352a4 སྙེད་ལ་བསྙེན་བཀུར་བྱས་པ་དེ་དག་གིས་མདོ་སྡེ་འདི་རྙེད་པར་འགྱུར་རོ།། རིགས་ཀྱི་བུ་ཆོས་ཀྱི་རྣམ་གྲངས་འདི་གང་དག་གི་རྣ་ལམ་དུ་གྲག་པར་གྱུར་ལ། ཐེ་ཙོས་མེ་ཟ་བའི་སེམས་ཅན་དེ་དག་འདི་ནས་ཤི
352a5 འཕོས་ནས། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ།། རིགས་ཀྱི་བུ་གང་ན་མདོ་སྡེ་འདི་ལྟ་བུ་དག་འཛིན་པའི་ས་ཕྱོགས་དེ་དག་ཕྱག་བྱ་བའི་འོས་སུ་འགྱུར་རོ།། རིགས་ཀྱི་བུ་ཕྱི་ནའི་ཚེ་ཕྱི
352a6 མའི་དུས་ན། བུད་མེད་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་འཆང་ངམ་ཀློག་ན་དེ་བུད་མེད་ཀྱི་ལུས་རྗེས་ནས། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཏེ། དེ་ཉིད་དེའི་བུད་མེད་ཀྱི་ལུས་ཐ་མ
352a7 ཡིན་ནོ།། འཆི་བའི་དུས་ཀྱི་ཚེ་ན་ཡང་དེ་བཞིན་གཤེགས་པ་འོད་དཔག་མེད་མཐོང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ




iiif viewer powered by OpenSeadragon

351b - 352b

Texts on this page

Ty031-006 - 'phags pa chos dang don rnam par 'byed pa zhes bya ba theg pa chen po'i mdo