e-texts navigator
Collection
Volume
Page
Wylie

349b1 ང་སྤང་གྱུར་ཅིང་།། འདོད་ཆགས་ཞེ་སྡང་དབང་མཆིས་རྣམས།། ཐེག་པ་དམན་ལ་བཞག་མཛད་ནས།། ཐེག་པ་ཆེན་པོ་བརྗོད་པ་མཛད།། ཐབས་ལ་མཁས་ཤིང་དཔལ་བ་སྟེ། ཟུགས་རྗེ་ཆེན
349b2 པོའི་དབང་དུ་གྱུར།། ཆོས་ནི་དོན་ཏེ་ཆོས་ཀྱིས་དམས།། ཆོས་རྩཝམ་ཡོན་ཏན་འབྱུང་གནས་སོ།། ཡང་དག་སྐྱེ་བ་མ་མཚས་པ།། ཆོས་དེ་སྙིང་པོ་མེད་མཁྱེན་ནས།། ཆོས་ཉིད་ཀྱང་ནི་ཁྱོད་ཀྱིས་མཁྱེན།
349b3 དེས་ན་ཁྱོད་ནི་བཀའ་བ་མཛད།། གཞོན་ནུ་དེས་ཚིག་འདི་དག་གིས།། བཅོམ་ལྡན་འདས་དེ་ལ་བསྟོད་ནས། ཡང་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་དུ་འདུག་གོ།།
349b4 དེ་ནས་བཅོམ་ལྡན་འདས་ཀྱིས་པདྨའི་འདབ་མ་ལྟར་ཡངས་པའི་སྤྱན་གྱིས་ཕྱོགས་ཐམས་ཅད་དུ་གཟིགས་ཏེ། འཁོར་བཞི་པོ་དེ་དག་གི་སེམས་དང་། སེམས་ལས་བྱུང་བ་མཁྱེན
349b5 ནས་ང་རྒྱལ་པོ་རྒྱལ་བ་ཐོབ་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྒྱལ་པོ་ཆེན་པོ་ཕུང་པོ་ལྔ་པོ་དེ་དག་ནི་སྙིང་པོ་མེད་པ་ཡིན་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་སྙིང་པོར་འདུ་ཤེས་སོ།།
349b6 རྒྱལ་པོ་ཆེན་པོ་ཕུང་པོ་རྣམས་ནི་ཁ་དོག་ངན་པ་དྲི་ང་བ། ཁྲག་དང་རྣག་འབྱུང་བ། ཤིང་དང་བོང་བ་དང་། ལམ་དང་མཚུངས་པ། སྙིང་པོ་མེད་པ་གཡོ་བ་མེད་པ། དགའ་བ་དང་། མི་དགའ་བར
349b7 འབྲེལ་པ། སྲེད་པའི་ལུ་གུ་རྒྱུད་ཀྱིས་ཕན་ཚུལ་སྤེལ་བ། ཉོན་མོངས་པ་མང་བ་སྨད་པ་ཡིན་ན། སྙིང་པོ་མེད་པ་ལ་སྙིང་པོར་འདུ་ཤེས། མི་རྟག་པ་ལ་རྟག་པར་འདུ་ཤེསམི་སྡུག་པ་ལ་སྡུ




iiif viewer powered by OpenSeadragon

349a - 350a

Texts on this page

Ty031-006 - 'phags pa chos dang don rnam par 'byed pa zhes bya ba theg pa chen po'i mdo