| | e-texts navigator
|
349a1 པའི་སླད་དུ་གཤེགས་སོ།། དེ་ཅིའི་སླད་དུ་ཞེན། ཡབ་ཡུབ་དེ་བཞིན་གཤེགས་པ་དེ་ནི་ལྔ་དང་མིར་བཅས་པའི་འཇིག་རྟེན་ན་དཀའ་བ་མཛད་པ་སྟེ། མགྲོལ་བ་རྣམས་ཅས
349a2 མཛད་མགོན།། ལོངས་པ་རྣམས་ལ་མིག་སྦྱིན་མཛད།། ཆོས་ལ་དཔའ་ཞིང་ཆེར་དཔའ་ག། ལྷུན་པོ་ལྦུ་བུར་མི་གཡོས་སོ།། དེ་ནས་རྒྱལ་པོ་རྒྱལ་བ་ཐོབ་པ་དང་། རྒྱལ་མོ་རིན
349a3 ཆེན་དཔལ་གྱིས་བུ་དེ་བླངས་ཏེ། བཙུན་མོའི་འཁོར་དང་གཡོག་ཏུ་བཅས་པར། བཅོམ་ལྡན་འདས་དེའི་ཞབས་ཀྱི་དྲུང་དུ་ཕྱིན་ནས། བཅོམ་ལྡན་འདས་ལ་ལར་བདུན་བསྐོར་བ་བྱས་ཏེ། རྒྱ
349a4 སྟོང་རི་བའི་མུ་ཏིག་གི་ས་མོ་དོ་ཕུལ་ལོ།། ཕུལ་ནས་ཀྱང་འཁོར་དེ་ཉིད་དུ་འདུག་པར་གྱུར་ཏོ།། རིགས་ཀྱི་བུ་དེ་ནས་རྒྱལ་བུ་དེ་ནས་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པ་བྱས་ནས།
349a5 ཤིང་ཏ་ལ་བདུན་སྲིད་ཙམ་གྱི་བར་སྣང་གི་ནམ་མཁའ་ལ་འདུག་སྟེ། བཅོམ་ལྡན་འདས་མེ་ཏོག་ལས་བྱུང་བ་དེ་ལ་རིན་པོ་ཆེ་ཆར་དང་། མེ་ཏོག་གི་ཆར་དང་། སྤོས་ཀྱི་ཆར་རྣམས་ཀྱིས་གཏོར།
349a6 མངོན་པར་གཏོར་ཏོ།། གཏོར་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སྨོན་པ་རྒལ་ནས་སེམས་ཅན་རྣམས།། སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ།། བདག་ནི་ཐམས་ཅད་མ་བྱེད་པ་ཁྱོད།
349a7 བལྟ་བའི་སླད་དུ་འདིར་མཆིས་སོ།། འཇིག་རྟེན་མགོན་པོ་བླ་ན་མེད།། ལྷ་དང་མི་ཡི་འཇིག་རྟེན་ན།། ཁྱོད་ཀྱིས་ཡོན་ཏན་གང་བསྟན་དང་།། ཁྱོད་འདྲ་བ་ནི་ཡོངས་མ་མཆིས།། སེམས་ཅན་ཤུལ
iiif viewer powered by OpenSeadragon
348b - 349b