| | e-texts navigator
|
348b1 པཆེན་པོའི་ཁོངས་སུ་འདུས་པ། ཉིན་མཚན་དུ་ཆོས་འདོད་ཅིང་ཆོས་ལ་དགའ་བ་ཤ་སྟུག་གོ།། རིགས་ཀྱི་བུ་དེ་ནས་རྒྱལ་པོ་དེའི་བཙུན་མོ་དམ་པ་རིན་པོ་ཆེ་དཔལ་ཞེས་བྱ་བཟང་།
348b2 དྲུབ་སེམས་དཔའ་སྡུག་པ་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་ཡང་དག་པར་ཞུགས་པ། ཐེག་པ་ཆེན་པོའི་ཁོངས་སུ་འདུས་པ། ཉིད་མཚན་དུ་ཆོས་འདོད་པ། ཆོས་ཀྱི་ཀུན་དགའལ
348b3 དགའ་བ་ཞིག་ཡོད་དེ། རིགས་ཀྱི་བུ་རིམ་ཆེན་དཔལ་དེ་ཆེན་པོ་ལ་འོས་པའི་སེང་གེའི་ཁྲི་ལ་འདུག་པ་དང་། དེའི་པང་ནས་བུ་རིང་ཆེན་འབྱུང་གནས་ཞེས་བྱ་བ་ལྷའི་རྒྱན་གྱིས་རྣམ་པར་བརྒྱན་པ། ལྷའི
348b4 གོས་བགོས་པ། ལུས་མཚན་དང་དཔེ་བྱད་བཟང་པོས་ལེགས་པར་བརྒྱན་པ་ཞིག་སྐྱིལ་མོ་ཀྲུང་བཅས་ཏེ་བྱུང་ནས། གཞོན་ནུ་དེ་བྱུང་མ་ཐག་ཏུ་གཞོན་ནུ་དེས་མ་ལ་འདི་སྐད་ཅེས་སྨྲས་སོ།། ཡུམ་དེ
348b5 བཞིན་གཤེགས་པ་མེ་ཏོག་ལས་བྱུང་བ་དེ་འཚོ་འམ། དེ་ནས་རྒྱལ་མོ་རིན་ཆེན་དཔལ་དེས། གཞོན་ནུ་དེ་ལ་འདི་སྐད་ཅེས་སྨྲས་སོ།། བུ་ཅིག་ཀུན་མཁྱེན་འཇིག་རྟེན་མགོན།། དྲན
348b6 མེད་པ་དཔའ་མཛད་པ།། ལྷ་དང་མི་དང་བཅས་པ་ཡིན།། འཇིག་རྟེན་ནི་དེང་འདིའོ།། དེ་ནས་རྒྱལ་བུ་རིན་ཆེན་འབྱུང་གནས་ཀྱིས་ཕ་མ་ལ་འདི་སྐད་ཅེས་སྨྲས་སོ།། ཡབ་ལུམ་ཚུར
348b7 གཤེགས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཏོག་ལས་བྱུང་བ་དེ་ལ་བལྟ་བ་དང་ཕྱག་བགྱི་བ་དང་། མཆོད་པ་དང་། བསྙེན་བཀུར་བགྱི་བ་དང་། ཆོམས
iiif viewer powered by OpenSeadragon
348a - 349a