| | e-texts navigator
|
347b1 འབྱེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚུལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅི་གན་བཅོམ་ལྡན་འན།
347b2 མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཡང
347b3 ཐབས་ཅིག་གོ་དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་བས་དགའ་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས
347b4 བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་ཅིང་ཚད་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། འཇིག་རྟེན་གྱི་ཁམས་མེད་ཏོག་གི་འབྱུང་གནས་ཞེས་བྱ་བ་འབྱོར་པ་རྒྱས་པ། བདེ་བ་ལོ་ལེགས་པ།
347b5 ཉམས་དགའ་བ་སྐྱེ་བོ་མང་པོ་དང་མི་རྣམས་ཀྱིས་གང་བ། ལག་མཐིལ་ལྟར་མཉམ་པར་གྱུར་པ་ཞིག་བྱུང་ངོ་།། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་འབྱུང་གནས་དེ་ན། དེ་བཞིན་གཤེགས
347b6 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ལས་བྱུང་བ་ཞེས་བྱ་བ་ད་ལྟར་ཡང་བཞུགས་ཏེ། འཚོ་ཞིང་གཞེས་ལ་འཁོར་བཞི་དང་། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། ཏྲི
347b7 ཟ་དང་། ལཱ་མ་ཡིད་དང་། ནམ་མཁའ་ལྡིང་དང་། མི་འམ་ཅིངང་། ལྷོ་འརྒྱ་ཆེན་པོ་དང་། མི་དང་མི་མ་ཡིན་པ་རྣམས་ལ་ཆོས་ཀྱང་སྟོན་ཏོ།། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་འབྱུང
iiif viewer powered by OpenSeadragon
347a - 348a