| | e-texts navigator
|
343b1 པ་མི་འདོར་བ་དེས། གཟུགས་མི་འདོར། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་མི་འདོར། ཕུང་པོ་ལྔ་ཐ་དད་པ་དང་། རིལ་གྱི་བརྟགས་པའི་རང་བཞིན་པས་ན།
343b2 མིམེ་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ལྟ་བ་དེ་དག་ཀྱང་མི་དམིགས་པའི་ཚུལ་གྱིས་ཁམས་དང་། སྐྱེ་མཆེད་ཀྱི་ལྷ་རྣམས་མ་ཡིན་པར་སྤྲོས་པ་དམ་པར་བྱེད་པས་རྟག་ཏུ
343b3 སྦོམ་མོ།། སྙིང་པོ་མེད་པ་དང་། འཐུམ་པ་ཅན་བུག་རྡུས་དང་ལྡན་པ་སྐྱོན་ཅན་ཕ་རོལ་སླུ་བའི་ཆོས་ཉིད་ཅེས་སུན་འབྱིར་པ་དེ་དག་ཀྱང་མོ་དམིགས་པའི་ཚུལ་དུ་སྦྱོར་བས། གང་ལུས་ཀྱིས་ལུས་ལ་སྲང
343b4 པ་དང་། ལུས་ལ་བྱམས་པ་དང་། ལུས་ལ་བདག་ཆེས་པ་དང་། ལུས་ལ་ཞེན་པ་དེ་དག་རབ་ཏུ་སྤོང་ངོ་།། གང་འདི་ལྟ་བུའི་དགེ་སློང་ནི་དགེ་བར་གསུངས་པའི་ཆོས་དང་འདུལ་བ་ལ་རབ་ཏུ་བྱུང་བ
343b5 གྱུར། དད་པས་བསྙེད་པར་རྫོགས་པའི་ཡང་དག་པར་རྫོགས་པ་ཡིན་ཏེ། འདི་ལྟ་བུའི་དགེ་སློང་ནི་ལྷ་དང་འཇིག་རྟེན་དུ་བཅས་པ་རྣམས་ཀྱི་སྦྱིན་གནས་སུ་གྱུར་པའོ།། དེ་ནས
343b6 བྱམས་པ་བྱང་ཆུབ་སེམས་དཔས་འཇིག་རྟེན་གྱི་དབང་པོ་བྱང་ཆུབ་སེམས་དཔའ་ལ་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཅི་ལ་དགོངས་ཏེ། འགྲོ་བ་ཐ་དད་པའི་ཆོས་ལས་འདས་ཤིང་། འཇིག་རྟེན
343b7 ལས་འདས་པའི་ཆེས་རྣམས་ཐོབ་པ་དེ་ནི། དགེ་བར་གསུངས་པའི་ཆོས་དང་འདུལ་བ་ལ་རབ་ཏུ་བྱུང་བར་གྱུར། བསྙེན་པར་རྫོགས་པའི་ཡང་དག་པར་རྫོགས་པ་ཞས་གསུངས། གཞན་གང་ཞིག
iiif viewer powered by OpenSeadragon
343a - 344a