| | e-texts navigator
|
357b1 གང་དང་གང་དུ་སྐྱེས་པར་ཆོས་དང་ལྡན་པའི་སེམས་ཅན་རྣམས་དང་མི་འབྲལ་བར་འགྱུར། འཁོར་མང་པོས་ལུས་ཕུན་སུམ་ཚོགས་ནས་གཟུགས་བཟང་པོ་ཉིད་ཐོབ་པར་འགྱུར། ཡོ་བྱད
357b2 ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་ཏེ། བཙལ་མི་དགོས་པར་ཡོ་བྱད་རྣམས་འབྱོར་པར་འགྱུར། ལུས་སྲ་ཞིང་བརྟན་ལ་ལུས་ཕུན་སུམ་ཚོགས་པ་འཐོབ་པར་འགྱུར་ཞིང་། དེ་ལ་རི
357b3 དང་རྩིག་པ་རྣམས་ཀྱིས་སྒྲིབ་པར་མི་བྱེད་དེ། ཕུན་སུམ་ཚོགས་པ་བཞི་པོ་དེ་དག་འཐོབ་པར་འགྱུར་རོ།། དེ་ནས་ཁྱིམ་བདག་དེ་དགའ་ཞིང་མགུ་ལ་ཡི་རངས་པར་གྱུར་ནས། དགེ་སློང་དེའི
357b4 རྐང་བ་ལ་ཕྱག་བྱས་ཏེ་འདི་སྐད་ཅེས་སྨྲས་སོ།། འཕགས་པ་དཀྱིལ་འཁོར་བརྒྱད་སྟོན་ཅིག་དང་། དེས་བདག་ལ་མངོན་སུམ་དུའགྱུར་རོ།། དེ་ནས་དགེ་སློང་རྣམ་པར་རྒྱལ་བ་འབྱུང་བས།
357b5 ཁྱིམ་བདག་དེའི་བསམ་པ་ཤེས་ན། ཡང་དག་པར་རབ་ཏུ་བསྟན་ཏེ། རིགས་ཀྱི་བུ་ཉོན་ཅིག་དང་བསྟན་པར་བྱའོ།། དེས་ནི་ལྕི་བ་སར་པ་བསྲེས་པའི།། དཀྱིལ་འཁོར་གྲུ་བཞི་ལྷམ
357b6 པར་བྱ།། སེམས་ཅན་ཀུན་དང་ཐུན་མོང་དུ།། འདས་པའི་སངས་རྒྱས་གང་ཡིན་དང་།། གང་དག་མ་འོངས་ད་ལྟར་འབྱུང་།། བྱང་ཆུབ་སེམས་དཔའ་ཉན་ཐོས་དང་།། རང་སངས་རྒྱས
357b7 དག་གང་ཡོད་པ།། དེ་དག་རྣམས་ལ་ཡོངས་སུ་སྔོ།། དེ་ནས་དཀྱིལ་འཁོར་ཁོར་ཡུག་ཏུ།། འཁོར་གྱི་དཀྱིལ་འཁོར་རྣམས་བྱ་སྟེ།། འཇིག་རྟེན་དབང་དང་བྱམས་པ་དང་།། ཐུབ་པ་སྐྱེས
iiif viewer powered by OpenSeadragon
357a - 358a