e-texts navigator
Collection
Volume
Page
Wylie

356b1 ཐབས་ཅིག་ཏུ་བཞུགས་ཏེ། ཝ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྦ་བ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། སྟོ་འཕྱེ་ཆེན་པོ་དང་། པི་དང་མི་མ
356b2 ཡིན་པ་དུ་བས་ཡོངས་སུ་བསྐོར་ཏེ། མདུར་གྱིས་བལྟས་ནས་ཆོས་སྟོན་ཏོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་སེ་གེའི་རྒྱལ་པོ་བཀོད་པ་ཞེས་བྱ་བ་ཞིག་འཁོར་དེར་འདུས་པར་གྱུར་ཏེ་འདུག་པ་དེ
356b3 འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེ་མཐོང་ནས་ལྟད་མོར་གྱུར་ཏེ། དེ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ
356b4 ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་སངས་རྒྱས་བྱུང་བ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ
356b5 ཞིག་འདས་ན། གང་གི་འཁོར་དཀྱིལ་འཁོར་ཡང་བཅོམ་ལྡན་འདས་ཀྱི་ཅི་འདྲ་བ་དེ་འདྲ་བར་མ་གྱུར་ལགས་སོ།། བཅོམ་ལྡན་འདས་བདག་གི་ཞུ་བ་བསྟན་པ་འདི་ལན་སྩལ་དུ་གསོལ། བྱང
356b6 བྱ་ཆུབ་སེམས་དཔའ་གཞན་དག་གིས་ན་ཡང་། དབུག་ཕྱིན་པར་འགྱུར་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་ཡང་དག་པར་གཟེངས་བསྟོད་པའི་ཕྱིར་བྱང
356b7 ཆུབ་སེམས་དཔའ་སེང་གེའི་རྒྱལ་པོ་བཀོད་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཉོན་ཅིག་དང་། དྲིས་པ་ལན་གདབ་པ་དཀྱིལ་འཁོར་བརྒྱད་ཅེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གང




iiif viewer powered by OpenSeadragon

356a - 357a

Texts on this page

Ty029-007 - 'phags pa dkyil 'khor brgyad pa ces bya ba'i chos kyi rnam grangs theg pa chen po'i mdo