| | e-texts navigator
|
353a1 ཏུན་ཟབ་པ་ཆོས་རིནད་བྱེད་ཅིང་།། ཇི་སར་ཐོས་པ་ཆུད་མི་གཟོན།། མཚན་རྣམས་འདི་དག་སུ་འཛིན་པ།། དེ་དག་ལ་ནི་སྡིག་ཅར་བདུད།། ནག་པོའི་རྩ་ལག་སེར
353a2 བཅས་པས།། ནམ་ཡང་གླགས་རྙེད་མི་འགྱུར་རོ།། མཚན་རྣམས་འདི་དག་སུ་འཛིན་པ། དེ་དག་མཚོན་གྱིས་མི་གསོད་ཅིང་།། དུག་དང་མེས་ཀྱང་མ་ཡིན་ལ།། རྒྱལ་པོ་དང་ནི་རྐུན་པ
353a3 ཡིས། དེ་དག་གཙེ་བར་བྱེད་མི་འགྱུར།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། དྲི་ཟ་ལྟོ་འབྱེ་ཆེ་རྣམས་ཀྱིས།། གླགས་ཀྱང་རྙེད་པར་མི་འགྱུར་རོ།། སངས་རྒྱས་འདི་དག་མི་མཆོག་སྟེ།། དཔལ།
353a4 གྱི་སྙིང་པོ་འབྲུག་གི་རྒྱལ།། མཛངས་པ་བག་ཡོད་གྱུར་ནས་ནི།། མཁས་མི་སུ་ཞིག་མཚན་མི་འཛིན།། འཇིག་རྟེན་མགོན་པོ་དེ་དག་གིས།། མཚན་རྣམས་འདི་དག་སུ་ཉན་པ།། མི་དེ་དག
353a5 ནི་ཚོགས་ཏན།། གྲགས་ལྡན་རྣམས་ཀྱི་མཚན་ཐོས་ནས།། དེ་དག་དཔའ་ཞིང་ཤེས་རབ་ཆེ།། འཇིག་རྟེན་མི་མཆོག་སངས་རྒྱས་འགྱུར། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས།
353a6 བཀའ་སྩལ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ཝ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རས་ཏེ། བཅོམ་ལྡན
353a7 འདས་ཀྱིས་གསུངས་པ་ལ་མངོན་པར་བསྙད་དོ།། འཕགས་པ་སངས་རྒྱས་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མད་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཧྲལ
iiif viewer powered by OpenSeadragon
352b - 353b