e-texts navigator
Collection
Volume
Page
Wylie

351a1 པ་ན། འཇིག་རྟེན་གྱི་ཁམས་སྤོས་བརྩེགས་པ་གང་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་པདྨལ
351a2 རྣམ་པར་གནོད་པས་བཞུད་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།། ཤཱ་རིའི་བུ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱའི་ཀླུང
351a3 བརྒྱད་ཀྱི་བྱེ་བ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་སྒྲ་དབྱངས་སྙན་པ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སས་རྒྱས་རིན་པ་ཆིན
351a4 པདྨ་ལ་རབ་ཏུ་གནས་པ་ས་ལའི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོཞིང་ག་ཞེས་ལ་ཆོས་ཀྱང་སྟོན་ཏོ།། ཤཱ་རིའི་བུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་སངས་རྒྱས་ཀྱི་ཞིང
351a5 དག་ནི་ཡོངས་སུ་དགྲ་པ་སྟེ། སྙིགས་མ་ལྔ་མེད་དོ།། ཡ་མཚན་ཅན་ཐམས་ཅད་མེད་དོ།། གསེག་མ་དང་གྱོ་མོ་དག་མེད་དོ།། ཉེ་བའི་ཉོན་མོངས་པ་མེད་དོ།། བུད་མེད་མེད་དེ།། དུད་འགྲོ
351a6 དང་གཤིན་རྗེའི་འཇིག་རྟེན་ཡང་མེད་དོ།། སྦྲང་བུ་དང་། ཤ་སྦྲང་དང་། སྡིག་སྦྲུལ་གྱིས་རེག་པ་རྣམས་མེད་དོ།། ཤཱ་རིའི་བུ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་དག་སངས་རྒྱས་བཅོམ་ལྡན
351a7 འདས་དེ་དག་གི་མཚན་ཉན་པ་དང་། འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། སྟོན་པ་དང་། རབ་ཏུ་འདོན་པ་དང་། ཀུན་ཆུབ་པར་བྱེད་པ་དེ་དག་ངན་སོང་གསུམ་དུ་འགྲོ་བ་དེ་ནི་གནས་མ།




iiif viewer powered by OpenSeadragon

350b - 351b

Texts on this page

Ty029-005 - 'phags pa sangs rgyas brgyad pa zhes bya ba theg pa chen po'i mdo