| | e-texts navigator
|
332a1 སེམས་ཏེ། གང་དག་དེ་བཞིན་གཤེགས་པ་ཡོན་ཏན་ཐམས་ཅད་དང་ལྡན་པ་འདི་ལྟ་བུ་མཐོང་ན། བྱང་ཆུབ་ཀྱི་སེམས་བྱེད་པར་མི་བྱེད་པ་དེ་དག་ནི་རྙེད་པ་ཉེས་པར་རྙེད
332a2 པའི་སྙམ་མོ།། དེ་ནས་བཅོམ་ལྡན་འདས་ཁྱེའུ་རིན་ཆེན་བྱིན་གྱིས་སྒོའི་དྲུང་དུ་གཤེགས་སོ།། དེ་ནས་ཁྱེའུ་རིན་ཆེན་བྱིན་འདི་སྣརུམས་དུ་སེམས་ཏེ། སེམས་ཅན་ཁྱད་པར་ཅན་འདི་ལྟ་བུན
332a3 བསྐལ་པ་བྱེ་བ་ཕྲག་འབུམ་དུ་ཡང་རྙེད་པར་དཀས་ཁང་བཟངས་འདི་ལས་བདག་གིས་མཆོང་བར་བྱའོ་སྙམ་མོ།། དེ་ནས་དེའི་ཚེ་ཁྱེའུ་རིན་ཆེན་བྱིན་གྱིས་རིལ་གྱིས་གསེར་ལས་བྱས་པའི་པདྨ
332a4 འདབ་མ་འབུམ་དང་ལྡན་པ་རྩེན་པ་ལག་མཐིལ་དུ་ཁྱེར་རོ།། དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་ཁང་བཟངས་དེ་ལས་བདག་ཉིད་ཀྱིས་མཆོངས་སོ།། དེ་སངས་རྒྱས་ཀྱི་མཐུས་ནམ་མཁའ་བར་སྣང་ལ་འདུག
332a5 གོ་དེ་ནས་ཁྱེའུ་རིན་ཆེན་བྱིན་གྱིས་རིལ་གྱིས་གསེར་ལས་བྱས་པའི་པདྨ་འདབ་མ་འབུམ་དང་ལྡན་པ་དེ་བཅོམ་ལྡན་འདས་ལ་ཕུལ་ལོ།། དེ་ཁྱེའུ་རིན་ཆེན་བྱིན་གྱི་ལག་ནས་བཏང་ན་བཅོམ་ལྡན་འདས་ཀྱི
332a6 དབུའི་དྲུང་ཟད་ཀྱི་ནམ་མཁའ་བར་མང་ལ། པདྨའི་གདུགས་སུ་བྱས་ཏེ་རིན་པོ་ཆེའི་དྲ་བ་ཡང་བྲེས་སོ།། དེ་ནས་དེའི་ཚེ་ཁྱེའུ་རིན་ཆེན་བྱིན་གྱིས་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། སངས་རྒྱས་པདྨ་འདི་ཕུལ།
332a7 བདག་ནི་རི་ཡང་མི་འཚལ་ཏེ།། དོན་རྣམས་ཐམས་ཅད་གྲུབ་སང་དུ། བདག་ནི་བྱང་ཆུབ་མཆོག་འཚལ་མོ།། ཇི་ལྟར་བྱང་ཆུབ་མ་སྐྱེས་ལ། ཐོབ་པ་མ་མཆིས་གཤེགས་མ་མཆིས། ཐང་དུ་མ་མཆིས
iiif viewer powered by OpenSeadragon
331b - 332b