e-texts navigator
Collection
Volume
Page
Wylie

331b1 བྱལ་དབྱིབས་གཞུ་འདྲ་གླང་ཆེན་བཞིན་དུ་སྦུབས་སུ་ནུབ།། རྗེ་ངར་ཨེ་ནེ་ཡ་འདྲ་མདངས་དཀར་འདམ་བུའི་སྦུབས།། ལོང་བུ་མི་མངོན་དེ་ཡི་རྟིང་བ་ལེགས་པར་གྲུབ།། དེ་བཞིན།
331b2 དྲང་སྲོང་སོར་མོ་རིང་ཞིང་སེན་མོ་དམར།། བདེ་བར་གཤེགས་ཀྱི་ཞབས་ཀྱི་ལོང་བུ་མི་མངོན་ཏེ། འཁོར་ལོ་ལྕགས་ཀྱུར་བཀྲ་ཤིས་ལྡན་དང་དུང་གིས་སྨྲས། མགོན་པོ་དེ་ཡི
331b3 འབྲས་གཉིས་མཉམ་ཞིང་ལེགས་གནས་དང་། ཤིང་བལ་བཞིན་དུ་རེག་ན་འཇམ་ཞིང་བཟང་བ་དང་། མེ་ཏོག་ཨུཏྤལ་དམར་པ་ལེགས་པར་སྐྱེས་པ་ཡོ།། ཁ་དག་འདྲབས་ས
331b4 གཞི་དག་ལ་གཤེགས་པར་མཛད།། དེ་བཞིན་གཤེགས་པ་སེང་གེའི་སྒྲ་སྒྲོགས་བདེ་སྦྱིན་པ།། འགྲོ་བ་རྣམས་ཀྱི་གཙོ་བོ་དུ་ནི་འདིར་གཤེགས་ཏེ། གཡོང་གིས་འཇིགས་པ་མེད
331b5 པར་སེང་གེའི་སྒྲ་སྐད་ཀྱིས།། གཉིས་སུ་མེད་ཅིང་སྤྲོས་པ་མེད་པའི་ཆོས་ཀྱང་སྦྲོན།། དེ་ནས་ཁྱེའུ་རིན་ཆེན་བྱིན་གྱི་བདག་གིས་མ་མ་ལ་འདི་སྐད་ཅེས་སྨྲས་སོ།། མ་མ་བདག་ཀར་ཁྲང
331b6 འདིར་ཞོག་ཤིག་དང་།། དེ་བཞིན་གཤེགས་པ་ལ་བལྟའོ།། དེ་ནས་མ་མ་དེས་ཁྱེའུ་རིན་ཆེན་བྱིན་སྐར་ཁུང་དུ་བཞག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་རིན་ཆེན་བྱིན་གྱིས་སེམས་ཀྱི
331b7 ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་ཝང་དེ་ཁོ་ནར་གཤེགས་སོ།། ཁྱེའུ་འིརིན་ཆེན་གྱིས་ཀྱང་བཅོམ་ལྡན་འདས་གཤེགས་པ་མཐོང་ངོ་།། མཐོང་ནས་དེ་འདི་སྙམདུ




iiif viewer powered by OpenSeadragon

331a - 332a

Texts on this page

Ty027-006 - 'phags pa byang chub sems dpa'i spyod pa bstan pa zhes bya ba theg pa chen po'i mdo