| | e-texts navigator
|
331a1 གསུང་གི་བཅུ་དྲུག་ཆར་མི་ཕོད།། སྐུལ་མཛད་དེ་བཞིན་མཉེན་པ་སྟེ།། དེ་ནི་སྙན་ཅིང་འཇམ་པ་དང་།། ཡིད་འོང་དགའ་བྱེད་གསལ་བ་ཏེ།། སྐྱོན་དང་བྲལ་ཞིང
331a2 འཇིགས་པ་མེད།། རབ་རྣམས་ལ་ན་རྣན་སྟུག། སེམས་རྒྱུན་ཚིམ་པར་བྱེད་པ་ནི།། མཉམ་ས་མ་ཟླས་རབ་ཏུ་ནི།། དེ་བཞིན་དག་ཅིང་བང་ཟངས.ཱལ་དང་ལྡན་ཅི
331a3 སྙན་པར་ལྡན།། དོན་དང་ཡོན་ཏན་ཐམས་ཅད་ཚོགས།། གསུང་གི་རྒྱན་རྣམས་ཕུན་སུམ་ཚོགས།། དེ་ཡི་གསུང་ནི་དགེ་སྐྱེད་པ།། སེམས་ཅན་མོས་པ་ཐ་དད་དང་།། དེ་བཞིན་ངེས་ཚོགས་ཐ་དད་རྣམས།
331a4 དེ་ཡི་གསུང་ལ་ངེས་པར་དང་།། ཡིད་ཀྱང་རབ་ཏུ་དགའ་བར་འགྱུར།། དེས་ནི་ཕྱོགས་བཅུའི་འཇིག་རྟེན་ཁམས།། གནས་པའི་སེམས་ཅན་གསུང་གིས་ཁྱབ།། མགོན་པོ་དེ་ཡི་གསུངས་ཚིག་ནི།
331a5 སེམས་ཅན་རྣམས་ལ་དོན་ཡོད་འཇུག། ཐུབ་པ་སྐྱེ་མཆོག་དེ་ཡི་ནི།། མགུར་ཡང་དུང་འདྲ་དཔུང་འགྲོ་ཟླུམ།། དེ་ཡི་ཐལ་གོང་རྒྱས་པ་སྟེ།། དེ་ནི་བདུན་པོ་མཐོ་བ་མངའ།། དེ་ཡི་ཕྱག་ཀྱང་རབ
331a6 ཏུ་རིང་།། ལྤགས་པ་གསེར་མཆོག་འདྲ་བ་སྟེ། གསེར་གྱི་སྡོང་པོ་བཞིན་དུ་མགྲོ། ནྱ་གྲོ་དྷ་ཝཱར་ཆུ་ཞེང་གྲག།། ཐུགས་ཀ་དཔལ་གྱི་བེའུས་བརྒྱན་ཏེ། འཁོར་ལོའི་མཚན་ཅན་པདྨའི
331a7 ཕྱགཤིང་བལ་འདབ་ལྷར་རེག་ན་འཇམ།། དེ་ཡི་ཕྱག་གི་སོར་མོ་འང་། སྤུ་རྣམས་རེ་རེར་སྐྱེ་ཞིང་ཡང་ཕྱོགས་སྟུག་ལ་འཇམ།། ཟང་གི་ཕེལ་ཀ་ཆེ་ལ་རབ་རྒྱས་ལྟེ་བ་ཟག
iiif viewer powered by OpenSeadragon
330b - 331b