e-texts navigator
Collection
Volume
Page
Wylie

330b1 འོད་ནི་ཤེལ་དང་ཐ་བ་ཡི།། འོད་ཟེར་དྲ་བ་མང་བས་ལྷག། དེ་ཡི་ཞལ་ནས་སྤྱན་མཛེས་པ།། མེ་ཏོག་ཨུཏྤལ་སྔོན་པོ་འདྲ།། བ་ཡི་རྫི་མ་ཡོངས་སུ་ས། མི་དམར་མ་འཛིངས་ཞི་བར་གཟིགས། དཔལ་ལྡན
330b2 སེང་གེ་འགྲམ་པ་འདྲ།། དེ་ནི་རྟག་ཏུ་ཞལ་ཡང་འཛུམ།། སྤོས་ནི་བིམ་པ་བཞིན་དུ་དམར།། ཞལ་མཛེས་ལུས་ཅན་ཀུན་འདྲེན་པ།། མཐུ་སྤོབས་ཆེན་པོ་ཕུན་སུམ་ཚོགས།། བསོད་ནམས་བརྒྱ་པའི་སྟོབས་མངའ
330b3 ། ཚེམས་ཀྱི་འཕྲེང་བ་སྔ་བའི་འོད།། སྙོམས་ཤིང་ཟགས་བཟང་ཡོངས་སུ་དག། དེ་ཡི་ཚེམས་ནི་ཤིན་ཏུ་དཀར།། ལྗགས་ནི་ཤིན་ཏུ་རིདྲ་ཞིང་སྲབ།། བདག་ཉིད་ཀྱི་ནི་ཞལ་གྱི་ངོས།། དེ་ཡིས་ཀུན་ཏུ
330b4 ཁྱབ་པར་གནས།། དཔལ་ལྡན་དབུ་ནི་གདུགས་དང་འདྲ།། དེ་བཞིན་དེ་ནི་ཤངས་ཀྱང་མཐོ།། མདོག་ནི་བཙོ་མའི་གསེར་དང་འདྲ།། དེ་ཡི་ཞལ་གྱི་འཕྲལ་བ་མཛེས།། དེ་ཡི་ཞལ་གྱི་སྨིན་ཚུགས་ནི།
330b5 དས་མ་མན་མ་ས་ཏུ་རྫུག། ན་པའི་རྒྱུན་ན་ས་ཛེས་པ་།། ན་དྲུང་དུ་ཐུམ་པར་གནས། སན་ཤམ་འདུ་ལ་རབ་ཏུ་འབྱུང་།། རྒྱལ་མཛེས་སྟོ་ཐ་པས་ལྷ།། ལ་ས་པདྡྷན
330b6 དགུ་འདྲ།། ཞལ་མདངས་དཀར་ལ་དངས་ཞིང་གསལ།། དེ་གསུང་ཀ་ལ་བིང་ཀའི་འདྲ།། དེ་ཡིག་སྲུང་བཟུང་ཡིད་དུ་འོང་།། འཇམ་ཞིང་སེམས་ཅན་རིམ་པར་བྱེད།། མབྱུ་ངང་པ་མི་འམ
330b7 ནི་པོ་རི་གེགས་ཁྭ་བྱག་དང་།། འབྲུག་སྒྲ་ཁྲུང་ཁྲུང་ཀུན་ལ། ཤང་ཤང་ཏེའུ་དང་གླིང་བུ་དང་།། ཛ་ཛའི་སྒྲ་དང་གཞན་དག་ཀྱང་།། སྒྲ་སྐད་སྙན་པ་ཅི་ཡང་རུང་།། དེ་དག་དེ་བཞིན་གཤེག་པ་ལི།།




iiif viewer powered by OpenSeadragon

330a - 331a

Texts on this page

Ty027-006 - 'phags pa byang chub sems dpa'i spyod pa bstan pa zhes bya ba theg pa chen po'i mdo