| | e-texts navigator
|
328a1 ས་ཐོབ་པ། མཁས་པ་དྲང་པོ་དད་པ་དང་ལྡན་པ་རྟོག་པ་མང་བ་དང་བ་གཙོ་བོར་བྱེད་པ། བཞིན་འཛུམ་པ་ཁྲོ་ཉེར་མེད་པ། གཡོ་མེད་པ
328a2 གྲུབ་པ་དང་ལྡན་པ། ཆོས་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་རྟོགས་པ། ཆོས་བསྟན་པས་ཡོངས་སུ་མི་ཀྱོ་བ། སངས་རྒྱས་ཀྱི་ཡེ་ཤེས་ཡང་དག་པར་སྐྱེས་པ་ཡོངས་སུ་སྨིན་པར་བྱེད་པ
328a3 ལྡེམ་པོ་དག་ལ་ཕྱིན་ཅིམ་ལོག་པའི་བཟོད་པ་དང་ལྡན་པ། ཡུལ་ཐམས་ཅད་ཕྱིན་ཅི་མ་ལོག་པའི་ས་དང་ལྡན་པ། དུས་ཤེས་པ། ཆོད་ཤེས་པ། སྐྱབས་ཤེས་པ། ཕན་པ་ཤེས་བྱ
328a4 བ་མེད་པ། ཁེངས་པ་མེད་པ། སྤྱོད་ལམ་ཐ་མལ་པ། ཕུན་སུམ་ཚོགས་པ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཁས་པ་འབྱུང་བ་དང་། འཇིག་པ་ཡོངས་སུ་སྤངས་པ་སྨོན་པ་མེད་པནི
328a5 ཏིང་ངེ་འཛིན་དང་ལྡན་པ། འཁོར་བ་ལ་ཡུན་རིང་དུ་སྤྱོད་པ་ལ་ཞུགས་པ། མཚན་མ་མེད་པའི་ཏིང་ངེ་འཛིན་དང་ལྡན་པ། སྤྲོས་པའི་རྣམ་པ་ཐམས་ཅད་ཀྱི་མཚན་མ་ལེགས་པར་གཟུངས
328a6 སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་མཁས་པ། འདུ་ཤེས་ཐམས་ཅད་དང་བྲལ་བ། ཉན་ཐོས་ཀྱི་ཐེག་པ་རྣམ་པར་གཞན་པ་ལ་མཁས་པ་ཆོས་བསྟན་པ་ཡང་དག་པར་དབྱེ་བར་འཇུ
328a7 པར་བྱེད་པ། རང་སངས་རྒྱས་ཀྱི་ཐེག་པ་སྟོན་པ་ཉེ་བར་ཞི་བའི་བསྔགས་པ་བརྗོད་པར་བྱང་ཆུབ་སེམས་དཔའ་ཡང་དག་པར་ཐོང་བ། སྤྱོད་པ་ཇི་ལྟ་བ་བཞིན་དུ་ཞེ་འགྲས་པ་མེད་པར
iiif viewer powered by OpenSeadragon
327b - 328b