| | e-texts navigator
|
327b1 འཕྱགས་པ་བྱང་ཆུབ་སེམས་དཔའི་སྤྱད་པ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པའི་མདོ་སངས་ཅས་དང་། བྱུང་རྒྱ་བ་སེམས་དང་འཐམས་ཀྱངས་ཕྱག་འཚལ་ལོ།། འདི་དང་བདུས
327b2 ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཡངས་པ་ཅན་ན། ཚལ་ཆེན་པོའི་ཁང་པ་བརྩེགས་པའི་གནས་ན། དགེ་སློང་སྟོང་ཐ་མ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་ཀྱང་དགྲ་བཅོམ
327b3 པ་ཟག་པ་ཟད་པ། ཚོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་ཏུ་ན་མ་དཱ་པར་གྲོལ་བ། ཡང་ཤེས་པ། གླང་པོ་ཆེན་པོ།
327b4 བ་བྱས་པ། བྱེད་པ་བྱེད་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ་ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། སེམས
327b5 ཐམས་ཅད་ཀྱི་དབང་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ། སྤྱོད་ལམ་ཞི་བ་དང་། དུལ་བ་དང་། རྣམ་པར་གྲོལ་བ་དང་། མ་བརྟགས་པ་དང་། ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། ཚེ་དང་ལྡན
327b6 པ་ཀུན་དགའ་བོ་གང་ཟག་གཅིག་ནི་མ་གཏོགས་ཏེ། དེ་ཡང་བཅོམ་ལྡན་འདས་ཀྱིས་ཉམས་སུ་ལེན་པར་བཀའ་སྩལ་ཏེ། ཚེ་འདི་ཉིད་ལ་ལུང་བསྟན་པ་དང་། བྱང་ཆུབ་སེམས་དཔའ་སྟོང
327b7 ཟམ་པ་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ། ཐམས་ཅད་ཀྱང་གཟུངས་ཐོབ་པ། ཐམས་ཅད་ཀྱང་མཉམ་པ་ཉིད་ཀྱི་བཟོད་པ་དང་ལྡན་པ་ཐམས་ཅད་ཀྱང་ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པའི
iiif viewer powered by OpenSeadragon
327a - 328a