| | e-texts navigator
|
403a1 གྱུར་ཏོ།། ལྷའི་སྤོས་ཀྱི་ཆར་ཆེན་པོ་སྲུང་མངོན་པར་བབ་བོ།། ལྷ་དག་ཀྱང་མེ་ཏོག་གི་རྨར་ཆེན་པོ་གཏོང་ངོ་།། ལྷའི་སིལ་སྙན་བརྒྱ་སྟོང་དག་ཀྱང་སྟེང་གི་བར་སྣང་ལ་བརྡུང
403a2 ངོ་།། ལྷའི་ན་བཟའ་དག་ཀྱང་སྟེང་གི་ནམ་མཁའ་ལ་གཡོབ་ཅིང་ཚིག་འདི་སྐད་ཅེས་ཟེར་རོ།། གང་གིས་སྙིང་རྗེ་ཆེན་པོ་ལ་འཇུག་པའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པར་འགྱུར་བའི་སེམས་ཅན་དེ་དག་ནི་རྙེད་པ
403a3 ལེགས་པར་རྙེད་པ་ཡིན་ཏེ། སེམས་ཅན་དེ་དག་སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པར་འགྱུར་རོ།། གང་གི་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན
403a4 འདི་ཐོས་པར་འགྱུར་ཞིང་། ཐོས་ནས་ཀྱང་ཡི་གེར་འདྲི་བ་དང་། འཛིན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཉོན་མོངས་པ་མེད་པར་སྒོམ་པས་བསྒོམ་པ་དང་། མང་དུ
403a5 བྱེད་པ་དང་། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དེ་དག་ནི། སེམས་ཅན་ཐམས་ཅད་ཀྱི་སྦྱིན་གནས་སུ་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ
403a6 ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ཀྱིས་ཟུང་ཤིག། ལྕོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན
403a7 ཅིག། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། ཇི་ལྟར་གཟུང་བར
iiif viewer powered by OpenSeadragon
402b - 403b