e-texts navigator
Collection
Volume
Page
Wylie

402b1 ཤེས་བྱ་ག་སེམས་ཅན་སྤྱོད་པ་རྒྱ་ཆེ་སྟེ།། དེ་དག་བསྟན་པའང་རྒྱ་ཆེའོ།། ལུང་གི་དོན་ཡང་རྒྱ་ཆེ་བས།། དེ་ཕྱིར་ཤིན་ཏུ་རྒྱས་ཤེས་བྱ།། ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས
402b2 པའི་ཏིང་ངེ་འཛིན་ངེས་པའི་བསན་པའི་ཆོས་ཀྱི་རྣམ་གྲངས་འདི་བཅོམ་ལྡན་འདས་ཀྱིས་བཤད་པ་ན། སེམས་ཅན་དཔག་ཏུ་མེད་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུམ་ཏུ
402b3 སེམས་བསྐྱེད་དོ།། སེམས་ཅན་དཔག་ཏུ་མེད་པ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཏོ།། སེམས་ཅན་དཔག་ཏུ་མེད་པ་དག་རང་བྱང་ཆུབ་སེམས
402b4 སྐྱེས་སོ།། སེམས་ཅན་དཔག་ཏུ་མེད་པ་དག་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བ་ལ་སེམས་སྐྱེས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས
402b5 རབ་ཏུ་ག་མོས།། ཀུན་ཏུ་རབ་ཏུ་གཡོས།། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ་འཁྲུགས། ཆེས་ཆེམ
402b6 རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་རྐྱེམ་ཁུར་འུར་རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་རུར་། ཤར་ཕྱོགས་དམའ་ན་ནུབ་ཕྱོགས་མཐོ། ནུབ་ཕྱོགས་ནསའན་ཤར་ཕྱོགས་མཐོ། བྱང
402b7 ཕྱོགས་དམའ་ན་ལྷོ་ཕྱོགས་མཐོ། ལྷོ་ཕྱོགས་དམའ་ན་བྱང་ཕྱོགས་མཐོ།། མཐའ་དམའ་ན་དབུས་མཐོ།། དབུས་དམའ་མ་མཐའ་མཐ་སྟེ། འཇིག་རྟེན་དུ་སྣང་བ་དཔག་ཏུ་མེད་པ་རག་བྱུང་བར




iiif viewer powered by OpenSeadragon

402a - 403a

Texts on this page

Ty025-003 - 'phags pa chos thams cad kyi rang bzhin mnyam pa nyid rnam par spros pa ting nge 'dzin gyi rgyal po zhes bya ba theg pa chen po'i mdo