| | e-texts navigator
|
266a1 གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། དེ་ལས་ལྷགས་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།། དེ་དག་དེ་བཞིན་གཤེགས་པས་ཡང་དག།
266a2 པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ནས་ཀྱང་མཆོག་ཏུ་མི་འཛིན་ཏོ།། མཆོག་ཏུ་མི་འཛིན་པས་བདག་ཉིད་མྱ་ངན་ལས་འདས་པར་རིག་ནས།
266a3 ཚོར་བ་རྣམས་ཀུན་ཏུ་འབྱུང་བ་ནུབ་པར་ཐུགས་སུ་ཆུད་དེ་འདི་ནི་སྡུག་བསྔལ་ལོ།། འདི་ནི་སྡུ་བསྔལ་ངེས་པར་འབྱིན་པའོ་ཞེས་བྱ་བར་མཁྱེན་ཏོ།། དགེ་སློང་དག་ཆོས་གང་དག་གཞན་ཟབ་པ
266a4 ཟབ་པར་སྣང་བ་ཡོངས་སུ་དག་པ་ཡོངས་སུ་བྱུང་བ་དེ་དག་ངས་རང་གི་མངོན་པར་ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ
266a5 གང་ཡང་དག་པ་ཇི་ལྟ་བ་བཞིན་སྙན་པས་སྨྲ་ཞིང་བརྗོད་པར་བྱེད་དོ།། དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ། ཡོངས་སུ་དག་པ་ཡོངས་སུ་བྱང་བ་དེ་དག་ངས་རང་གི་མངོན་པར
266a6 ཤེས་པས་མངོན་པར་རྫོགས་པར་སངས་རྒྱས་ནས་བཤད་ལ། ཕ་རོལ་པོས་ཀྱང་དེ་བཞིན་གཤེགས་པ་ལ་གང་ཡང་དག་པ་ཇི་ལྟ་བ་བཞིན་སྙན་པ་སྨྲ་ཞིང་བརྗོད་པར་བྱེད་པ་གང་ཞེ་ན། དགེ།
266a7 སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་ཅན་དུ་སྨྲ་བ་དག་དེ་ཕན་ཆད་ནི་འདུ་ཤེས་ཅན་ཡིན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ཡོད་པ་ནི།
iiif viewer powered by OpenSeadragon
265b - 266b