| | e-texts navigator
|
265b1 བདག་མཐའ་དང་ལྡན་པའི་འདུ་ཤེས་ཅན་དང་། མཐའ་དང་མི་ལྡན་པ་དང་། དེ་ཕན་ཆད་བདག་མཐའ་དང་ལྡན་པ་ཡང་ཡིན་ལ། མཐའ་དང་མི་ལྡན་པ་ཡང་ཡིན་པ་དང་། མཐའ་དང་།
265b2 ལྡན་པ་ཡང་མ་ཡིན་ལ། མཐའ་དང་མི་ལྡན་པ་ཡང་མ་ཡིན་པའི་འདུ་ཤེས་ཅན་དང་། དེ་ཕན་ཆད་བདག་ཅིག་པའི་འདུ་ཤེས་ཅན་དང་། ཐ་དད་པའི་འདུ་ཤེས་དང་། ཆུང་ངུའི་འདུ་ཤེས་ཅན
265b3 དང་ཚད་མེད་པའི་འདུ་ཤེས་ཅན་དང་། གཅིག་ཏུ་སྡུག་བསྔལ་བ་ཅན་དང་། གཅིག་ཏུ་བདེ་བ་ཅན་དང་། བདེ་བ་དང་སྡུག་བསྔལ་བ་ཅན་དང་། བདེ་བ་དང་སྡུག་བསྔལ་བ་ཅན་མ་ཡིན་པའི་འདུ་ཤེས
265b4 ཅན་འདི་དག་ནི་དགེ་སློང་དག་གཞི་བཅུ་དྲུག་པོ་ལ་སྟེ། ཅི་ལ་རྟེན་ཅིང་ཞེས་བྱ་བ་ནས་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ཞེས་བྱ་བའི་བར་དུའོ།། དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་གི་ཕྱི་མའི་མཐའ་ལ
265b5 རྟོག་ཅིང་འདུ་ཤེས་ཅན་དུ་སྨྲ་བ་དེ་དག་དེ་ཕན་ཆད་བདག་གིས་འདུ་ཤེས་ཅན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་དེ་ཐམས་ཅད་ནི་གཞི་བཅུ་དྲུག་པོ་འདི་དག་ལ་སྟེ། དེ་ལས་མི་ལྷག་མི
265b6 མང་ལ། དེ་བཞིན་གཤེགས་པས་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན། དེ་ལས་ལྷག་པར་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཁྱེན་ཏོ།། དེ་ལྟར་ན། ལྟ་བར་བསོང་བར་འདི་དག་འདི་ལྟར་འཛིན
265b7 པབ་དང་། འདི་ལྟར་མཆོག་ཏུ་འཛིན་པ་དང་། འདི་ལྟར་ལེན་པ་དང་། འདི་ལྟར་སྤྱོད་པ་དང་། འགྲོ་བ་ནི་འདི་ལྟར་བྱའོ།། སྐྱེས་པ་ནི་འདི་ལྟ་བུའོ།། ཚེ་ཕྱི་མའི་འདི་ལྟ་བུ་ཡིན་ནོ་ཞེས་དེ་དག་དེ་བཞིན
iiif viewer powered by OpenSeadragon
265a - 266a