| | e-texts navigator
|
265a1 དེ་ཐམས་ཅད་ནི་ལྟ་བར་སོང་བ་བཅོ་བརྒྱད་པ་འདི་དག་སྟེ། དེ་ལས་མི་ལྷག་མི་མང་ཞེས་བྱ་བ་རྣམས་ལྷག་པར་མཁྱེན་ཏོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། དགེ་སློང་དག
265a2 ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ།། དགེ་སློང་དག་ཆོས་གང་དག་གཞན་ཟབ་པ་ཟབ་པར་སྣང་བ་དག་གང་ཞེ་ན་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ།།
265a3 དགེ་སློང་དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་ཕྱི་མའི་མཐའ་ལ་རྟོག་ཅིང་འདུ་ཤེས་ཅན་དུ་སྦ་བ་དག་ཡོད་དེ། དེ་ཕན་ཆད་བདག་ནི་འདུ་ཤེས་ཅན་མ་ཡིན་ནོ་ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན
265a4 པར་བརྗོད་པ་ནི། འདི་ལྟ་སྟེ། གཞི་བཅུ་དྲུག་པོ་དག་ལའོ།། དགེ་སློང་དང་བྲམ་ཟེ་ཤེས་ལྡན་དེ་དག་ཅི་ལ་རྟེན་ཅིང་རྩོ་ལ་གནས་ནས། ཅི་ལ་གནས་བཅས་ཏེ། ཕྱི་མའི་མཐའ་ནོ།
265a5 ཅིང་འདུ་ཤེས་ཅན་དུ་སྨྲ་བ་དག། དེ་ཕན་ཆད་བདག་ནི་འདུ་ཤེས་ཅན་མ་ཡིན་ནོ།། ཞེས་ཁ་ཅིག་མངོན་པར་སྨྲ་ཞིང་མངོན་པར་བརྗོད་པ་ནི། འདི་ལྟ་སྟེ། གཞི་བཅུ་དྲུག་པོ་དག་ལའོ།། དགེ་སློང
265a6 དག་དགེ་སྦྱོང་དང་བྲམ་ཟེ་ཁ་ཅིག་འདི་ལྟར་ལྟ་ཞིང་འདི་སྐད་དུ་སྨྲ་བ་དག་ཡོད་དེ། དེ་ཕན་ཆད་བདག་གཟུགས་དང་ལྡན་པའི་འདུ་ཤེས་དང་། དེ་ཕན་ཆད་བདག་གཟུགས་དང་ལྡན་པ་མ་ཡིན་པ་དང་།
265a7 གཟུགས་དང་ལྡན་པ་ཡང་ཡིན་ལ། གཟུགས་དང་མི་ལྡན་པ་ཡང་ཡིན་ལ། གཟུགས་དང་ལྡན་པ་ཡང་མ་ཡིན་ལ། གཟུགས་དང་མི་ལྡན་པ་ཡང་མ་ཡིན་པའི་འདུ་ཤེས་ཅན་དང་། དེ་ཕན་ཆད
iiif viewer powered by OpenSeadragon
264b - 265b