e-texts navigator
Collection
Volume
Page
Wylie

264a1 བཞིན་རབ་ཏུ་མི་ཤེས་ཤིང་དགེ་བ་དག་ཅེས་བྱ་བ་སྒྱུ་མ་བཞིན་ནོ།། དེ་ནི་བདག་གི་བརྫུན་དུ་འགྱུར་ལ་གང་བདག་གི་བརྫུན་དུ་འགྱུར་བ་དེ་ནི་བདག་གི་ལོག་པར
264a2 འགྱུར་ཞིང་གང་བདག་གི་ལོག་པར་འགྱུར་བ་དེ་ནི་བདག་གི་ཤེས་བཞིན་མ་ཡིན་པར་འགྱུར་ཏེ། དེ་ལྟར་ན་དགེ་སྦྱོང་དང་། བྲམ་ཟེ་དེ་ནི་ཤེས་བཞིན་མ་ཡིན་པས་འཇིགས་པ་དང
264a3 ཤེས་བཞིན་མ་ཡིན་པས་འཇིགས་སྐྲག་པ་དང་། ཤེས་བཞིན་མ་ཡིན་པ་ཉིད་ཡོངས་སུ་སྨན་པས་གཞི་དང་གླིང་དེ་ལ་གནས་སོ་ཞེས་བྱ་བ་ནས། ཚིག་རླུང་བསྐུར་བ་འདི་ནི་གཞི
264a4 གསུམ་པའོ་ཞེས་བྱ་བའི་བར་དུ་མ་བཞིན་ནོ།། བཞི་པ་ནི་དགེ་སྦྱོང་དང་བྲམ་ཟེ་ཤེས་ལྡན་ཅི་ལ་བརྟེན་ཅིང་ཅི་ལ་གནས་ནས་ཞེས་བྱ་བ་དག་ནི་སྔ་མ་བཞིན་ནོ།། འདི་ན་དགེ་སྦྱོང་དང་།
264a5 བྲམ་ཟེ་ཁ་ཅིག་རང་བཞིན་གྱི་ཡིད་རྟུལ་ཞིང་བླུན་པ་ཡིན་ཏེ། དེ་འདི་སྙམ་དུ་སེམས་ཏེ། ཇི་སྟེ་བདག་གི་ཐད་དུ་ལ་ལ་ཞིག་འོངས་ནས། དེ་འཇིག་རྟེན་ཕ་རོལ་ཡོད་སྙམ་ནས་འཇིག
264a6 རྟེན་ཕ་རོལ་ཡོད་དམ་ཞེས་དྲི་བ་དྲིས་ན། བདག་གིས་དེ་ལ་འཇིག་རྟེན་ཕ་རོལ་ཡོད་དོ་ཞེས་ལུང་བསྟན་པར་བྱའོ།། འཇིག་རྟེན་ཕ་རོལ་མེད་པ་ཡིན་ནམ། ཡོད་པ་ཡང་ཡིན་མེད།།
264a7 པ་ཡང་ཡིན་ནམ། ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ནམ། དེ་འཇིག་རྟེན་འདི་ལྟ་བུ་འམ། འོན་ཏེ་མ་ཡིན་རྣམ་པ་གཞན་ཞིག་གམ་འོན་ཏེ་མ་ཡིན། མ་ཡིན་ནམ་འོན་ཏེ།




iiif viewer powered by OpenSeadragon

263b - 264b

Texts on this page

Ty024-013 - tshangs pa'i dra ba'i mdo