e-texts navigator
Collection
Volume
Page
Wylie

204a1 དུ་གྱུར་པས་མོས་ནས། དེ་བཞིན་གཤེགས་པའི་ཡུལ་ཚད་མེད་པར་བརྟགས་ཏེ། སྐྲའི་རྩེ་མོའི་ཆ་ཤས་གཞག་པའི་ཁྱོན་ཙམ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ
204a2 སེམས་ཅན་ཐམས་ཅད་སྙེད་དུ་ལྷག་པར་མོས་སོ།། སྐྲའི་རྩེ་མོའི་ཆ་ཤས་གཅིག་བཞག་པའི་ཁྱོན་ལ་ཇི་ལྟ་བ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཡང་དེ་བཞིན་གཤེགས
204a3 པ་སེམས་ཅན་ཐམས་ཅད་སྙེད་དུ་ལྷག་པར་མོས་སོ།། དེ་བཞིན་གཤེགས་པ་རེ་རེ་ལ་ཡང་ལུས་ཐོབ་པ་འགྲོ་བ་ཐམས་ཅད་ཀྱི་སེམས་སྙེད་ཀྱི་ཞབས་ཀྱི་འོག་ཏུ་གཏུགས་ཏེ་ཕྱག་འཚལ།
204a4 ལོ།། ལུས་ཐོབ་པ་རེ་རེ་ལ་ཡང་མགོ་ངག་གི་ལམ་ངེས་པའི་ཚིག་སྙེད་དུ་ལྷག་པར་མོས་སོ།། མགོ་རེ་རེ་ལ་ཡང་ཁའི་སྒོ་ཞིང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཏུ་དབྱེ་བ་སྙེད་དུ་ལྷག་པར་མོས
204a5 སོ།། ཁའི་སྒོ་རེ་རེ་ལ་ཡང་ལྕེའི་རྩེ་མོ་ཞིང་ཐམས་ཅད་དུ་རྡུལ་ཕྲ་རབ་ཏུ་དབྱེ་བ་ཉིད་དུ་ལྷག་པར་མོས་སོ།། ལྕེའི་རྩེ་མོའི་དཀྱིལ་འཁོར་རེ་རེ་ལ་ཡང་ངེས་པའི་ཚིག་གི་སླར་བཏགས་པའི།
204a6 ཐ་སྙད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པ། འགྲོ་བ་ཐམས་ཅད་ཀྱི་ཚིག་གི་སྤྱོད་པ་དང་མཉམ་པས། སྒྲིབ་པ་མ་མཆིས་པའི་དཀྱིལ་འཁོར་དང་མཐུན་པར
204a7 གྱུར་ནས་ལྷག་པའི་བསམ་པ་ཉོན་མོངས་པའི་རི་ཆེན་པོ་རྣམ་པར་མཐོང་བའི་ལས་བྱུང་བས་སྒྲིབ་པར་འགྱུར་བའི་ལས་དེ་དག་འཆགས་སོ།། མི་འཆབ་བོ།། འཇིག་རྟེན་གྱི་ཁམས




iiif viewer powered by OpenSeadragon

203b - 204b

Texts on this page

Ty024-011 - 'phags pa phung po gsum pa zhes bya ba theg pa chen po'i mdo