e-texts navigator
Collection
Volume
Page
Wylie

202b1 པ་དང་། གང་དེ་བཞིན་གཤེགས་པ་རྣམས་ཀྱིས་སྨད་པ་དང་། གང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་སྤངས་པ་དང་། གང་འཕགས་པ་རྣམས་ཀྱིས་བཤང་བ་དང་།
202b2 གང་མཁས་པ་རྣམས་ཀྱིས་ཞེས་འགྲས་པ་དང་། གང་རིག་པ་རྣམས་ཀྱིས་བོར་བ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་རབ་ཏུ་གཏིར་བའི་དབང་གིས་བྱུང་བ་འམ
202b3 ང་རྒྱལ་དང་། འཆབ་པ་དང་། ཁོན་དུ་འཛིན་པའི་དབང་གིས་བྱུང་བ་འམ། ཕྲ་དོག་དང་། སེར་སྣ་དང་མྱ་ངན་གྱིས་བྱུང་བ་འམ། སྒྲ་དང་གཡོའི་དབང་གིས་བྱུང་བ་འམ། མངོན་པར
202b4 ཞེན་པའི་སྟོབས་ཀྱིས་བྱུང་བ་འདི་ལྟ་སྟེ། ལས་ཀྱི་སྒྲིབ་པ་འམ། ཆོས་ཀྱི་སྒྲིབ་པ་འམ། ལྟ་བའི་སློབ་པའམ། ཉོན་མོངས་པའི་སྒྲིབ་པ་འམ། མི་ཤེས་པའི་སྒྲིབ་པ
202b5 འམ་རྣམ་པར་སྨིན་པའི་སྒྲིབ་པ་འམ། ཆོས་ཀྱིས་ཕོངས་པར་འགྱུར་བའི་སྒྲིབ་པ་འམ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པའི་སྒྲིབ་པ་འམ། ཐེག་པ་ཆེན་པོའི
202b6 བར་ཆད་དུ་འགྱུར་བའི་སྒྲིབ་པ་འམ། དགེ་བའི་རྩ་བ་ཐམས་ཅད་གསོག་པ་ལ་གནོད་པའི་སྒྲིབ་པ་འམ། སྡིག་པའི་གྲོགས་པོ་དང་འགྲེ་བའི་སྒྲིབ་པ་འམ། བྱང་ཆུབ་སེམས་དཔའ
202b7 ཀུན་ཏུ་བཟང་པོའི་སྤྱོད་པའི་སྨོན་ལམ་ཡོངས་སུ་རྫོགས་པར་བགྱི་བ་ལ་སྒྲིབ་པ་དང་ཆོད་པ་ཡང་རུང་སྟེ། སྒྲིབ་པའི་ལས་བགྱིས་ཤིང་བསགས་པ་སྒྲིབ་པའི་ཀུན་ནས་ལྡང་བ་གང




iiif viewer powered by OpenSeadragon

202a - 203a

Texts on this page

Ty024-011 - 'phags pa phung po gsum pa zhes bya ba theg pa chen po'i mdo