| | e-texts navigator
|
200b1 བསྟོད་དོ།། བཀུར་རོ།། བསྔགས་སོ།། རབ་ཏུ་བསྔགས་སོ།། འདུད་དོ།། རབ་ཏུ་འདུད་དོ།། ཕྱག་བགྱིའོ།། གཞོལ་ལོ།། བལྟའོ།། བརྟག་གོ།། བྱམས་པའི་ལུས་ཀྱི་ལས
200b2 དང་བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཡེ་ཤེས་སྔོན་དུ་འགྲོ་བ་དང་། ཀུན་ཏུ་བཟང་བ་དང་། སངས་རྒྱས་ཀྱི་བརྒྱ་བྱིན་ལུས་ཀྱི་ལས་དང་། ངག་གི་ལས་དང
200b3 ཡིད་ཀྱི་ལས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ།། བསྟོད་དོ།། བཀུར་རོ།། བསྔགས་སོ།། རབ་ཏུ་བསྔགས་སོ།། འདུད་དོ།། རབ་ཏུ་འདུད་དོ།། ཕྱག
200b4 བགྱིའོ།། གཞོལ་ལོ།། བལྟའོ།། བརྟག་གོ།། དམིགས་པ་དཔག་ཏུ་མ་མཆིས་པ་དང་ལྡན་པའི་མེ་ཏོག་དང་། སྤོས་དང་། འཕྲེང་བ་དང་། བྱུགས་པ་དང་། ཕྱེ་མ་དང་། ཆོས
200b5 གོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། མར་མེ་དང་། བཀོད་པ་དང་། ལྷབ་ལྷུབ་དང་། མཆོད་རྟེན་རྩིག་པ་དང་། སྐུ་གཟུགས་བགྱི་བ་དང་། རིན་པོ་ཆེ
200b6 དང་། རྒྱན་དང་། བཞོན་པ་དང་། འཆགས་དང་། གཙུག་ལག་ཁང་དང་། ཡོ་བྱད་ཐམས་ཅད་བཀོད་པ་རྣམ་པར་དག་པ་རྒྱ་ཆེན་པོ་འདི་དག་གིས་ཀྱང་། དེ་བཞིན་གཤེགས་པ་དེ་དག
200b7 ལ་བསྟི་སྟང་དུ་བགྱིའོ།། བཙུན་པར་བགྱིའོ།། རི་མོར་བགྱིའོ།། མཆོད་དོ།། རིམ་གྲོར་བགྱིའོ།། མཆོད་པ་མོས་པའི་སྟོབས་ལས་ངེས་པར་བྱུང་བ། ཁམས་གསུམ་པ་ལས་ཤིན་ཏུ་འདས
iiif viewer powered by OpenSeadragon
200a - 201a