e-texts navigator
Collection
Volume
Page
Wylie

154a1 ཆུད་པར་འགྱུར་གྱི། དགའ་བོ་མི་ཉིད་རྙེད་པ་ནི་མ་ཡིན་ནོ།། ངལ་བ་ཕུན་སུམ་ཚོགས་པ་ཡང་དེ་བཞིན་ནོ།། དགའ་བོ་མི་ཉིད་ཤིན་ཏུ་རྙེད་པར་དཀའ་བ་དང
154a2 དེ་བཞིན་དུ་དལ་བ་ཕུན་སུམ་ཚོགས་པ་ཡང་རྙེད་ན། དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་།། དལ་བ་ཤིན་ཏུ་རྙེད་དཀའ་རྙེད།། དགའ་བོ་སྟོན་པ་མངོན་གྱུར་པ།། ང་ལ་མི་མཉེས་མ་བྱེད།
154a3 ཅིག། དེ་ཅིའི་ཕྱིར་ཞེ་ན། བསྐལ་པ་བྱེ་བ་སྟོང་དང་ནི།། བརྒྱ་དང་ཁྲག་ཁྲིག་དག་ཏུ་ཡང་།། སངས་རྒྱས་སྠཱ་ནི་མི་བྷྱོས་ན།། སངས་རྒྱས་མཐོང་དག་ལ་ཞིག། སུ་དུམ
154a4 ཝཱ་རའི་མེ་ཏོག་ནི།། ཤིང་ལས་ཤིན་ཏུ་རྙེད་དཀའ་ལྟར།། དེ་བཞིན་སངས་རྒྱས་རྙེང་དཀའ་སྟེ།། ཁྱོད་ཀྱིས་ང་ནི་རྙེད་འགྱུར་ན།། དགའ་བོ་ཁྱོད་ཀྱིས་རབ་ཏུ་བྱུང་།། དག་པ
154a5 ཤིན་ཏུ་རྙེད་དཀའ་སྟེ།། དགའ་བོ་སྟོན་པ་མངོན་གྱུར་པ།། ང་ལ་མི་མཉེས་མ་བྱེད་ཅིག། དེ་ནས་རིགས་ཀྱི་བུ་དགའ་བོ་ཁ་སྤུ་བྲེགས་ཏེ། གོས་ངུར་སྨྲིག་བགོས་ཏེ།
154a6 རྒྱལ་བའི་བསྟན་པ་ལ་ཡང་དག་པར་དད་པ་ཁོ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང
154a7 རིགས་ཀྱི་བུ་དགའ་བོ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། དགའ་བོ་རབ་ཏུ་བྱུང་བའི་མདོ་རྫོགས་སོ།། ། འདི་དཀའ་དང་པོར།




iiif viewer powered by OpenSeadragon

153b - 154b

Texts on this page

Ty024-008 - dga' bo rab tu byung ba'i mdo