| | e-texts navigator
|
152a1 གཅོད་པ་ཡིན་ནོ།། ག་ཤི་འཇིགས་པ་རྣམས་དབུགས་འབྱིན་པ་ཡིན་ནོ།། སྡུག་པ་དང་བྲལ་བར་བྱེད་པ་ཡིན་ནོ།། འཁོར་བའི་དྲུག་བསྔལ་གྱིས་གཅེས་པ་ནས
152a2 གྱི་བདེ་བ་དང་། མི་འཇིགས་པའི་འགྲམ་ཡིན་ནོ།། འདོད་པའི་ཁམས་ལས་བཞལ་བར་བྱེད་པ་ཡིན་ནི།། གཟུགས་ཀྱི་ཁམས་ལས་ཡང་དག་པར་བརྒལ་བར་བྱེད་པ་ཡིན་ནོ།། གཟུགས།
152a3 མེད་པའི་ཁམས་ལུས་ཡང་རྣམ་པར་བརྒལ་བར་བྱེད་པ་ཡིན་ནོ།། དོན་དམ་པར་མྱ་ངན་ལས་འདས་པ་མཆོག་ཐོབ་པར་བྱེད་པ་ཡིན་ཏེ། དགའ་བོ་དེ་ནི་རབ་ཏུ་བྱུང་བ་ཞེས་བྱའོ།། འཇིག་རྟེན་པམ།
152a4 ཅད་ཀྱི་མིག་ལྟ་བུ་ཡིན་ནོ།། གཏི་མུག་གི་མུན་པའི་སྒྲོན་མ་ཡིན་ནོ།། རྒྱུད་དག་པར་བྱེད་པ་ཡིན་ནོ།། ཉོན་མོངས་པའི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པོ་ཡིན་ནོ།། ལམ་སྟོར་བ་རྣམས་པ་ལམ།
152a5 ཀུན་དུ་སྟོན་པ་ཡིན་ནོ།། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་སྟོན་པ་ཡིན་ནོ།། མདུད་པ་ཐམས་ཅད་རྣམ་པར་འགྲོལ་བར་བྱེད་པ་ཡིན་ནོ།། མརིག་པའི་མུན་པ་ཐམས་ཅད་སེལ་བར་བྱེད་པ་ཡིན་ནོ།།
152a6 མི་ཤི་སྭཱ་པའི་རང་རིབ་ཀྱི་སྒྲིབ་པའི་མུན་པ་རྣམས་འདྲལ་བར་བྱེད་པ་ཡིན་ནོ།། ལེ་ལོ་ཅན་རྣམས་བརྩོན་འགྲུས་ལཅོམ་པར་བྱེད་པ་ཡིན་ནོ།། ཚུལ་ཁྲིམས་ལ་ལྟུང་བ་རྣམས་སྐྱོ་བར་བྱེད་པ་ཡིན་ནོ།།
152a7 ཚུལ་ཁྲིམས་ཕུན་སུམ་ཚོགས་པ་རྣམས་རབ་ཏུ་དགའ་བར་བྱེད་པ་ཡིན་ནོ།། བརྩོན་འགྲུས་བརྩམས་པ་རྣམས་མཆོག་ཏུ་དགའ་བ་ཡིན་ནོ།། ནང་དུ་ཡང་དག་འཇོག་ལ་མངོན་པར་དགའ་བ་རྣམས
iiif viewer powered by OpenSeadragon
151b - 152b