| | e-texts navigator
|
151a1 སྤོང་བ་ཡིན་ནོ།། འདོད་ཆགས་དང་། ཨེ་ལྗང་དང་། གཏི་མུག་ར་ཏུ་སེལ་བ་ཡིན་ནོ།། འཐབ་པ་དང་འཐབ་མོ་དང་འཆང་འཇུ་བ་དང་། ད
151a2 དང་འགྱེད་པ་དང་། སྒྱུ་དང་། གཡོའི་མུན་པས་བསྡུས་པའི་དྲི་མ་ཐམས་ཅད་འཁྲུ་བ་ཡིན་ནོ།། ལོ་ཏོག་ཐམས་ཅད་ཀྱི་ས་གཞི་ལྟ་བུར་ཡོན་ཏན་ཐམས་ཅད་ཀྱོ་གཞི་ཡིན་ནོ།།
151a3 རིན་པོ་ཆེམམ་ལ་རྫི་འབྱུང་གནས་ཡིན་ནོ།། བདེ་བ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་ཡིན་ནོ།། ཡོན་ཏན་ཐམས་ཅད་ཀྱི་གོ་འཕང་གི་གནས་ཡིན་ནོ།། སེམས་ཅན་ཐམས
151a4 ཅད་དྲ་དྭགས་འབྱིན་པ་ཡིན་ནོ།། འདྲུང་པོ་ཐམས་ཅད་ཀྱི་ཡིད་བརྟན་པ་ཡིན་ནོ།། སྲོག་ཆགས་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཡིན་ནོ།། སེམས་ཅན་དབུལ་པོ་ཐམས
151a5 ཅད་ཀྱི་བུམ་པ་ཡིན་ནོ།། སྐྱབས་མེད་པ་རྣམས་ཀྱི་དཔུང་གཉེན་ཡིན་ནོ།། ཀུན་ཏུ་ཚོལ་བས་འཕོངས་པ་དང་སྡུག་བསྔལ་གྱིས་ཉི་མ་ཐུག་པ་རྣམས་ཀྱི་བསྟི་ས་ཡིན་ནོ།།
151a6 སངས་རྒྱས་ཐམས་ཅད་ཀྱི་མི་འདྲེས་པ་ཡིན་ནོ།། སེམས་ཅན་ཐམས་ཅད་ཀྱིས་མཆོད་པར་བྱ་བ་ཡིན་ནོ།། མཁས་པ་རྣམས་ཀྱིས་བསྔགས་པ་ཡིན་ནོ།། ཐར་པར
151a7 འགྲོ་བ་རྣམས་ཀྱི་ལམ་ཡིན་ནོ།། སེམས་ཅན་དག་པ་རྣམས་ཀྱིས་བསྙེན་པར་བྱ་བ་ཡིན་ནོ།། སྣོད་དུ་འགྱུར་བ་རྣམས་ཀྱིས་བསྟེན་པར་བྱ་བ་ཡིན་ནོ།། ངན་སོང་གི་སྒོ་གཅོད་པ
iiif viewer powered by OpenSeadragon
150b - 151b